>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

བལ་ཏིག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-05 9:06:27 ཀློག་གྲངས། 6

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བལ་ཏིག་ནི། བལ་ཡུལ་ནས་འོང་ལ་སྔ་མ་ལས་ཁ་དོག་སྐྱ་ཞིང་སྙི་ལ་རོ་སོགས་སྔ་མ་འདྲ་བ། བོད་ཏིག་ནི། སུམ་ཅུ་ཏིག་སོགས་རིགས་མང་བ།
     མཛེས་མཚར་མིག་རྒྱན་ལས། བལ་ཏིག་ནི། བལ་བོ་ནས་འོང་བ་སྔ་མ་ལས་མདོག་སྐྱ་སྙི་ལ་རོ་སྔ་མ་དང་འདྲ། བོད་ཏིག་ལ་སུམ་ཅུ་ཏིག་སོགས་རིགས་དྲུག་ཡོད་དེ། མཆོག་ལྕགས་ཏིག་ནི། ཆུ་འགྲམ་སྤང་ལ་སྐྱེ། སྡོང་པོ་ལྕགས་ཐུར་འདྲ་ཞིང་ལོ་མ་སྔོ་ལྗང་རྟིང་པ་དྲིལ་ལ་ངར་ནག་ཕྲ་བ། མེ་ཏོག་སྔོ་སྐྱ་གང་བུ་ཟར་མ་ཡི་གང་བུ་དང་འབྲུ་ལྕགས་ཀྱི་རིང་བསྲེལ་ལྟ་བུ་སྟེ། རོ་ཤིན་ཏུ་ཁ་བའི་སྡོང་ལོ་འབྲུ་བཅས་བཏུ་དགོས། རོ་སྐོར་ལས། ཏིག་ཏ་བསིལ་བ་རྩུབ་པས་མཁྲིས་པ་སེལ།། ཞེས་དང་། བདུད་རྩི་ཐིགས་པར། ཏིག་ཏ་སྐམ་པ་སྙོམས་པས་ཁྲག་མཁྲིས་སེལ།། ཞེས་བསྡུས་ན་མཁྲིས་ཚད་ལ་བསྔགས་པ།

གོང་ངོས། བ་ཤ་ཀ
X