>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

ཐང་ཕྲོམ་ནག་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-04 9:28:15 ཀློག་གྲངས། 34

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ནག་པོ་ལ། མིང་ནི། ཐང་ཕྲོམ་ནག་པོ། དུག་ཐང་ཕྲོམ། དུག་ཀོ་ལོ། ཤོ་ཁྲི། ཐང་རྫོགས་པ། རྩ་གཅིག་སྡོང་དགུ། ལོ་མ་ལ་ཁྲ་གཤོག་པ་ཡང་ཟེར། ཚུལ་ནི། ནག་པོ་དྷ་དུ་ར་ཞེས་པ།། རྩ་བ་ཤིན་ཏུ་ཆེ་བ་ལ།། སྡོང་པོ་ངར་པ་དགུ་རེ་གྱེས།། ལོ་མ་ནག་མཐུག་ཁྲ་གཤོག་འདྲ།། མེ་ཏོག་སྨུག་ནག་དུག་དྲི་བྲོ།། ལོ་མ་མེ་ཏོག་ས་འོག་ནས།། རྫོགས་པར་མཐོང་བས་ཐང་རྫོགས་ཟེར།། གང་བུ་མཐུག་གྱོང་ཐང་ཁུག་ནང་།། འབྲས་ནག་ལེབ་ཞིབ་མཁལ་འདྲས་ཁེངས།། རང་གི་ནུས་པས་སྲིན་ལྷོག་འཇོམས།། ཞེས་པས་གསལ་ལོ།། འདི་ལ་དམར་པོ་ཡང་ཟེར་རོ།། ལང་ཐང་རྩེ་ནི། མིང་རྒྱ་ཐང་ཕྲོམ། སེར་པོ་དྷ་དུ་ར། ལང་ཐང་རྩེ་ཟེར། ཚུལ་ནི། ལང་ཐང་རྩེ་ནི་ལྡུམ་རར་སྐྱེ།། སྡོང་པོ་ཕྲ་ལ་རིང་བ་ཡིན།། གང་བུ་རིལ་བ་སྤྱི་བླུགས་འདྲ།། རྩ་བརྒྱད་མགོ་ལྟར་སྦྲེལ་ནས་ཡོད།། འབྲས་བུ་ཏིལ་ཙམ་སེག་བརྡར་རིས།། ཞེས་བཏབ་ན་སྐྱེ་ལ་རྩ་བ་གཏན་དུ་འཛུགས་པ། འདི་ལ་སེར་པོར་བྱེད་པ་ཡིན།
     མཛེས་མཚར་མིག་རྒྱན་ལས། ཐང་ཕྲོམ་ནག་པོ་ནི། དུག་ཐང་ཕྲོམ། ཁྲ་གཤོག་པ།་པ། ཐང་ཕྲོམ་དམར་པོ། རྩ་གཅིག་སྡོང་དགུ་ཟེར། རྩ་བ་ཤིན་ཏུ་ཆེ་བའི་སྡོང་པོ་ངར་བ་དགུ་རེ་གྱེས་པ། ལོ་མ་ནག་མཐུག་ཁྲ་གཤོག་འདྲ་བ་སྒོར་མོ། མེ་ཏོག་སྨུག་ནག་དུག་དྲི་བྲོ་ཞིང་མེ་ལོ་ས་འོག་ནས་སྐྱེས་ཤིང་གང་བུ་མཐུག་གྱོང་ཐང་ཁུག་ནང་འབྲུ་ནག་ལེབ་བས་ཁེངས་པ་སོ་མ་ར་ཛ་འདྲ་བ།

གོང་ངོས། ཐང་ཕྲོམ།
X