//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

མུ་ལྗང་ནག་པོའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:32:22 ཀློག་གྲངས། 10 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ལྗང་ནག་པོ་ནི། མུ་ལྗང་ནག་པོ་རམས་འདྲ་ལ།། བཅག་ན་རྡོ་འདྲ་བཏེག་ན་ལྕི།། ཆུ་ཡང་དེ་ཡོད་པ་ལས་སྐྱེ།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ཟི་ནག་པོ་རམས་འདྲ་བ།། ཡང་ན་ཁྲག་སྒམ་རྡོག་པོ་འདྲ།། སྲེག་ན་ལྷག་ཅིང་དྲི་མ་ཚོར།། གཞན་དུ་དྲི་མེད་རོ་མི་གསལ།། དེ་ཡོད་ས་ཕྱོགས་ལས་སྐྱེས་པ།། ཆུ་ནི་དྭངས་ཤིང་རྙོག་མེད་འབྱུང་།། མུ་ལྗང་ནག་པོའི་ཆུ་ཚན་གྱིས།། དྲེག་ནད་རྙིང་པ་འདོན་པར་བྱེད།། སྐྱ་རྦབ་རྣམས་ཀྱི་ཞི་བྱེད་ཡིན།།

X