//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

མུ་ཟི་སེར་པོའི་དམར་པོའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:20:31 ཀློག་གྲངས། 13 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ཟི་སེར་པོའི་དམར་པོ་ནི།། མུ་ཟི་དམར་པོའི་ཆུ་ཚན་ནི།། གཡང་ངམ་དཀར་གོང་ཡོད་སར་མང་།། ལྡོང་རོས་མདོག་འདྲ་ཚ་ལ་བཏབ།། སྦྱར་ལ་ལྕགས་ཆུ་སོལ་མེར་བསྲེགས།། ཐང་ཀ་སྐྱེས་པའི་སེར་དུ་འགྱུར།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ཟི་དམར་པོའི་ཆུ་ཚན་ནི།། གཡང་ངམ་དཀར་གོང་ཡོད་སར་མང་།། ཁ་དོག་དབྱིབས་ནི་ལྡོང་རོས་འདྲ།། ཚ་ལ་དང་འདྲེས་ཆུ་སྦྱར་ནས།། ལྕགས་ལ་བྱུག་ནས་སོལ་མེས་སྲེག། ལན་གཅིག་གཉིས་གསུམ་བཞིར་བསྐྱར་ན།། ལྕགས་རྣམས་གསེར་འགྱུར་གདོན་མི་ཟ།། དེ་ཡོད་ས་ཕྱོགས་ལས་སྐྱེས་ཆུའོ།། དམར་པོ་ཆུ་ཚན་ཟུངས་ཟད་རྒས།། སྟོབས་བསྐྱེད་དབང་པོ་གསལ་བར་བྱེད།། དབྱིག་གི་དུག་ལ་བདུད་རྩི་འདྲ།།

X