//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཀྲུང་གོའི་བོད་ཀྱི་གསོ་རིག > རྩོམ་འགོད་བརྒྱུད་རིམ། > ནང་དོན།

རྩོམ་འགོད་བརྒྱུད་རིམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-20 11:34:25 ཀློག་གྲངས། 42 

དོན་ཚན་དང་པོ། རྩོམ་གྱི་མ་ཡིག་ཐོ་འགོད་བྱེད་པ། བདམ་གསེས་ཞིབ་བཤེར་བྱེད་པ།  སྔ་ཞུས།  ཉིས་ཞུས། མཐའ་ཞུས་བཅས་སོ།།

༡ ལག་བསྟར་རྩོམ་སྒྲིག་པས་རྩོམ་ཡིག་རེའུ་མིག་ནང་དུ་རྩོམ་གྱི་མ་ཡིག་ཐོ་འགོད་བྱ་རྒྱུ་དང་།  དེ་ནས་བདམ་གསེས་ཞིབ་བཤེར་གྱི་བསམ་འཆར་དེ་ལག་བསྟར་གཙོ་སྒྲིག་གཞོན་པར་སྤྲད་ནས་ཞིབ་བཤེར་བྱེད་དགོས།

༢ ལག་བསྟར་གཙོ་སྒྲིག་གཞོན་པས་རྩོམ་ཡིག་བདམ་གསེས་ཞིབ་བཤེར་སྔ་ཞུས་ཏེ༼ཉིན་རེར་རྩོམ་ཡིག་བཅུ་རེ་ལས་ཀའི་ཉི་མ་བདུན་གྱི་ནང་འགྲུབ་པར་བྱས་ཏེ༽བདམ་གསེས་ཞིབ་བཤེར་སྔ་ཞུས་ལས་བཏོན་པའི་བསམ་འཆར་དང་། བདམ་གསེས་ཞིབ་བཤེར་སྔ་ཞུས་ཚད་གཞི་ལ་ལོངས་པའི་རྩོམ་ཡིག་རྣམས་གཙོ་སྒྲིག་གཞོན་པར་སྤྲད་ནས་བདས་གསེས་ཞིབ་བཤེར་ཉིས་ཞུས་བྱེད་དགོས།

༣ གཙོ་སྒྲིག་གཞོན་པས་བདམ་གསེས་ཞིབ་བཤེར་སྔ་ཞུས་ལས་ཟིན་པའི་རྩོམ་ཡིག་དེ་བདམ་གསེས་ཞིབ་བཤེར་ཉིས་ཞུས་བྱེད་རྒྱུ༼ཉིན་རེར་རྩོམ་ཡིག་བཅུ་རེ་ལས་ཀའི་ཉི་མ་ལྔ་ཡི་ནང་འགྲུབ་པར་བྱེད་དགོས།༽བདམ་གསེས་ཞིབ་བཤེར་ཉིས་ཞུས་ལས་བཏོན་པའི་བསམ་འཆར་གཙོ་སྒྲིག་པར་སྤྲད་ནས་མཐའ་ཞུས་གཏན་འབེབས་བྱེད་དགོས།

༤ གཙོ་སྒྲིག་པས་བདམ་གསེས་ཞིབ་བཤེར་ཉིས་ཞུས་བརྒྱུད་ཟིན་པའི་རྩོམ་ཡིག་ལ་ཞུས་གཏན་བྱེད་རྒྱུ༼ཉིན་རེར་རྩོམ་ཡིག་བཅུ་རེ་ལས་ཀའི་ཉི་མ་ལྔ་ཡི་ནང་འགྲུབ་པར་བྱེད་དགོས།༽དུས་དེབ་ནང་འགོད་ཆོག་པའི་རྩོམ་ཡིག་དང་མཐའ་ཞུས་གཏན་འབེབས་ཀྱི་བསམ་འཆར།  དེ་བཞིན་དུ་དུས་དེབ་སྟེང་འགོད་པའི་རྩོམ་ཡིག་རྣམས་ལག་བསྟར་རྩོམ་སྒྲིག་པར་སྤྲད་ནས་གློག་རྡུལ་མ་ཡིག་བཟོ་དགོས།

དོན་ཚན་གཉིས་པ།  རྩོམ་གྱི་མ་ཡིག་གློག་ཀླད་ནང་འཇུག་པ།  རྩོམ་སྒྲིག་པ་རེ་རེ་ལ་རྩོམ་ཡིག་བགོད་པ། རྩོམ་སྒྲིག་བྱེད་པ། རྩོམ་སྒྲིག་པས་རྩོམ་ཡིག་ལ་བཟོ་བཅོས་ཅུང་ཙམ་བྱས་པ་སྟེ་གློག་ཀླད་ནང་ནས་ཞུ་དག་བྱེད་པ་བཅས་ཡིན།

༡  ལག་བསྟར་རྩོམ་སྒྲིག་པས་དུས་དེབ་སྟེང་འགོད་པའི་རྩོམ་ཡིག་གློག་ཀླད་ནང་འཇུག་བྱས་ནས་གློག་རྡུལ་མ་ཡིག་བཟོ་དགོས།༼ཉིན་རེར་རྩོམ་ཡིག་བཅུ་རེ་ལས་ཀའི་ཉི་མ་ལྔ་ཡི་ནང་འགྲུབ་དགོས།༽དེའི་རྗེས་ནས་མ་ཡིག་དངོས་མ་དང་མ་ཡིག་བསྐྱར་མ་དག་ལག་བསྟར་རྩོམ་སྒྲིག་གཞོན་པར་སྤྲད་ནས་རྩོམ་སྒྲིག་པ་རེ་རེ་ལ་རྩོམ་ཡིག་བགོ་དགོས།

༢ རྩོམ་སྒྲིག་གཞོན་པས་རྩོམ་སྒྲིག་མི་སྣའི་ཆེད་ལས་དང་དམིགས་བསལ་གྱི་ཤེས་ཡོན་ལ་གཞིག་ནས་རྩོམ་ཡིག་སོ་སོར་བགོས་ཏེ་རྩོམ་ཡིག་རྩོམ་སྒྲིག་བྱེད་དགོས།

༣ རྩོམ་སྒྲིག་མི་སྣས་བཟོ་བཅོས་ཞུ་དག་ལས་བཏོན་པའི་བསམ་འཆར་གཞིར་བཟུང་ནས་རྩོམ་སྒྲིག་ལས་ཀའི་ཚད་གཞིའི་ནང་བཞིན་རྩོམ་ཡིག་ཐེངས་གསུམ་ལ་རྩོམ་སྒྲིག་བྱེད་དགོས། ཐེངས་རེར་རྩོམ་སྒྲིག་བྱས་ཚར་རྗེས་ལག་བསྟར་རྩོམ་སྒྲིག་པས་གློག་རྡུལ་མ་ཡིག་ནང་དུ་ཞུ་དག་བྱེད་དགོས་ལ། རེབ་ཐེངས་རེར་རྩོམ་ཡིག་དེ་དག་ལས་ཀའི་ཉི་མ་གཅིག་གི་ནང་རྩོམ་སྒྲིག་དང་གློག་རྡུལ་མ་ཡིག་ཞུ་དག་བྱེད་པ་བཅས་འགྲུབ་པར་བྱེད་དགོས།

དོན་ཚན་གསུམ་པ།  དཀར་ཆག་སྒྲིག་པ།  ནང་དོན་གནད་བསྡུས་ཡིག་བསྒྱུར་བྱེད་པ།  མདུན་ཤོག་བཟོ་བ་དང་གཞུང་དངོས་སོགས་ཀྱི་པར་སྒྲིག་དང་འདྲ་དཔེ་པར་འདོན་བྱེད་རྒྱུ་བཅས་སོ།།

༡ ལག་བསྟར་རྩོམ་སྒྲིག་པས་རྩོམ་ཡིག་གི་ཁ་བྱང་དང་ནང་དོན་གནད་བསྡུས་ལོ་ཙཱ་པ་སྤྲད་ནས་རྒྱ་དབྱིན་ཡིག་རིགས་སུ་བསྒྱུར་དགོས།༼དུས་དེབ་རེ་ལས་ཀའི་ཉི་མ་བདུན་གྱི་ནང་འགྲུབ་དགོས་ལ།༽ཡིག་བསྒྱུར་བྱས་ཚར་རྗེས་ལག་བསྟར་རྩོམ་སྒྲིག་པར་སྤྲད་ནས་པར་སྒྲིག་བྱེད་དགོས།

༢ ལག་བསྟར་རྩོམ་སྒྲིག་པས་མདུན་ཤོག་དང་། དཀར་ཆག  གཞུང་དངོས་སོགས་པར་སྒྲིག་བྱེད་དགོས།༼དུས་དེབ་རེ་ལས་ཀའི་ཉི་མ་ལྔའི་ནང་པར་སྒྲིག་བྱས་ཚར་ཏེ་༽པར་ཁང་ལ་སྤྲད་ནས་རྩོམ་ཡིག་གི་འདྲ་དཔེ་པར་འདོན་བྱེད་དགོས།

དོན་ཚན་བཞི་པ།  རྩོམ་ཟིན་ལ་ཞིབ་བཤེར་དང་། ཞུས་གཏན་བྱེད་པའོ།།

༡ ལག་བསྟར་རྩོམ་སྒྲིག་པས་རྩོམ་ཟིན་ལག་བསྟར་གཙོ་སྒྲིག་གཞོན་པར་སྤྲད་ནས་ཞིབ་བཤེར་བྱེད་དུ་འཇུག་དགོས། ཞིབ་བཤེར་བྱས་ཚར་རྗེས་ལག་བསྟར་རྩོམ་སྒྲིག་པར་སྤྲད་དེ་ཞུ་དག་རྩོམ་སྒྲིག་བྱེད་དགོས།༼དུས་དེབ་རེ་ལས་ཀའི་ཉི་མ་གསུམ་གྱི་ནང་འགྲུབ་དགོས།

༢ ལག་བསྟར་གཙོ་སྒྲིག་གཞོན་པས་ཞུ་དག་གམ་བཟོ་བཅོས་བྱས་ཟིན་པའི་རྩོམ་ཟིན་དེ་གཙོ་སྒྲིག་པར་སྤྲད་ནས་ཞུས་གཏན་བྱེད་དགོས།༼དུས་དེབ་རེ་ལས་ཀའི་ཉི་མ་གཉིས་ཀྱི་ནང་འགྲུབ་དགོས།༽དེ་ནས་གཙོ་སྒྲིག་པས་ཆོག་མཆན་གྱི་མིང་རྟགས་བཀོད་རྗེས་ལག་བསྟར་རྩོམ་སྒྲིག་པས་པར་ཁང་ལ་སྤྲད་ནས་པར་འདེབས་བྱེད་དགོས།

དོན་ཚན་ལྔ་པ། པར་འདེབས། འགྲེམ་སྤེལ། བརྡ་སྦྱོར།  

༡ པར་འདེབས་བཟོ་གྲྭས་པར་འདེབས་གན་རྒྱའི་དུས་བཅད་ལྟར་པར་འདེབས་ལེགས་འགྲུབ་ཡོང་པར་བྱས་ཏེ་རྩོམ་སྒྲིག་ཁང་ལ་སྤྲོད་དགོས།

༢ རྩོམ་སྒྲིག་ཁང་གི་ལས་བྱེད་མི་སྣས་དུས་ཐོག་ཏུ་དུས་དེབ་མཛོད་ཁང་དུ་ཉར་ཚགས་བྱེད་པ་དང་། མཛོད་ནས་ཕྱིར་འདོན་པ།  ཉོ་བརྡ་དང་བསྐུར་སྐྱེལ་སོགས་ཀྱི་ལས་ཀ་བསྒྲུབས་དགོས།

༣ ལག་བསྟར་རྩོམ་སྒྲིག་པས་རྩོམ་པ་པོ་ལ་དུས་དེབ་གཉིས་རེ་བསྐུར་སྐྱེལ་བྱེད་རྒྱུ་དང་། དེ་ནས་ཞུ་དག་བྱས་པའི་རྩོམ་ཡིག་གམ་ཡང་ན་རྩོམ་ཡིག་ཕྱིར་སྤྲོད་ཀྱི་བརྡ་སྦྱོར་གཏོང་དགོས་པ་བཅས་སོ། །


གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X