//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

མུ་ཟི་སེར་པོའི་དཀར་པོའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:19:16 ཀློག་གྲངས། 21 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ཟི་སེར་པོའི་དཀར་པོ་ནི།། མུ་ཟི་དཀར་པོ་བག་ཕྱེ་འདྲ།། རྡོ་རྒྱུས་བཏུལ་བ་དཀར་རྩི་འདྲ།། ཟོས་ན་རོ་མངར་དྲི་མ་ཆུང་།། ས་དེ་འདྲ་བ་དེར་སྐྱེས་པའི་ཆུ་ནི་མདོག་དཀར་་སྔོ་ཙམ།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ཟི་དཀར་པོ་བག་ཕྱེ་འདྲ།། རྡོ་རྒྱུས་རུས་པའི་བཏུལ་བ་དཀར་རྩི་འདྲ།། ཟོས་ན་རོ་མངར་དྲི་མ་ཆུང་།། ཆུ་ཡང་དེ་འདྲའི་ས་ལས་སྐྱེ།། ཁ་དོག་ཅུང་ཟད་དཀར་བར་མངོན།། དཀར་པོའི་ཆུ་ཚན་བས་ལྡག་དང་།།།། གླང་ཤུ་ཁྱེ་མ་འབྲུམ་ཐོར་སེལ།།

X