//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

རྡོ་ཆུའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:14:49 ཀློག་གྲངས། 23 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་ཆུ་ལས་བྱུང་བའི་རིགས་ལྔའི་སྤྱི་བརྟག་ནི། རྡོ་ཆུ་གང་སྐྱེས་ས་ཕྱོགས་སུ།། རབ་མཁྲེགས་གཅིག་དང་མི་འབྲེལ་འབབ་ཕྱོགས་ཀྱང་།། དེ་འགྱུར་བཏུང་ན་དེ་འཁྲོས་ཟེར།། རིམ་པ་གཉིས་ཐོག་གསུམ་ཐོག་འབྱུང་།། དེ་འདྲ་རྡོ་ཆུའི་ཆུ་ཚན་ཟེར།།
     མཛེས་མཚར་མིག་རྒྱན་ལས། རྡོ་ཆུའི་ཆུ་ཚན་ནི། རྡོ་ཆུ་གང་སྐྱེས་ས་ཕྱོགས་སུ།། རབ་མཁྲེགས་མི་འབྲེལ་འབབ་ཕྱོགས་ཀྱང་།། དེ་འགྱུར་བཏུང་ན་དེ་འཁྲོས་ཟེར།། རིམ་པ་གཉིས་ཐོག་གསུམ་ཐོག་འབྱུང་།། དེ་འདྲ་རྡོ་ཆུའི་ཆུ་ཚན་ཟེར།། རྡོ་ཆུ་མཆོག་གིས་ཆག་གྲུམ་དང་།། རེངས་འཁུམས་ཚིགས་ཆེའི་ནད་ལ་ཕན།།

X