//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

རྡོ་ཤོ་རྒོད་པའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:12:54 ཀློག་གྲངས། 10 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་ཤོ་ཕལ་པའམ་རྒོད་པ་ནི།། རྒོད་ནི་དུམ་འབྱུང་སག་རི་རྩུབ།། བསྲེགས་ན་མོ་ཅོང་བསྲེགས་པ་འདྲ།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། རྡོ་ཞོ་རྒོད་ཅེས་བྱ་བ་དང་།། དུམ་བུ་ཆུང་ཞིང་སག་རི་རྩུབ།། སྲེག་ན་མོ་ཅོང་སྲེག་པ་འདྲ།། དེ་ལས་སྐྱེས་པའི་ཆུ་ཚན་ནི།། རྡོ་རྒོད་ཆུ་ཚན་ཞེས་བྱའོ།། རྡོ་ཞོ་རྒོད་ཀྱི་ཆུ་ཚན་གྱིས།། སྐྲན་རིགས་མ་ལུས་ཐལ་བར་རློག། ཁོང་འབྲས་ནད་ལ་བདུད་རྩི་འདྲ།། ཕྱི་འབྲས་འདུལ་ཞིང་བཤིག་པར་བྱེད།།

X