//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

རྡོ་ཞོ་ཕོ་རྡོའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:08:29 ཀློག་གྲངས། 18 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་ཞོ་ཕོ་རྡོ་དཀར་པོ་ནི།། རྡོ་ཤོ་སེར་པོ་སྣ་རིང་ཞིང་།། ཆར་ལྷགས་ཕོག་ངོས་སག་རི་ཆགས།། ཕོ་རིགས་མཁྲེགས་ཤིང་མེས་གཞོམ་དཀའ།། དེར་སྐྱེས་དཀར་པོའི་ཆུ་ཚན་ཡིན།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། ཕོ་རྡོ་དཀར་པོའི་ཆུ་ཚན་གྱིས།། དངས་མ་མ་ཞུ་ལས་བྱུང་བའི།། ནད་རིགས་ཀུན་ལ་བསྔགས་པའོ།། ཕོ་རྡོ་ནག་པོའི་ཆུ་ཚན་གྱིས།། སྙིགས་མ་མ་ཞུ་རྡོ་སྐྲན་དང་།། རྡོ་ཡི་དུག་ལ་ཕན་པ་ཡིན།།

X