>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཞིང་སྐྱེས་སྨན། > > ནང་དོན།

སྲེ་ད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 15:25:32 ཀློག་གྲངས། 29

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས།  སྲེ་ད་བསིལ་ཡང་བད་མཁྲིས་སེལ།། བུ་དང་ཟུག་རྔུ་འབྱིན་པར་བྱེད་པ་ཡིན།།
     མཛེས་མཚར་མིག་རྒྱན་ལས། སྲེ་ད་ནི། ནས་རྒོད་དོ།། མེས་པོའི་ཞལ་ལུང་ལས། སོ་བ་དང་ནས་ཀྱི་གསེབ་ནས་འབྱུང་བའི་སྲེ་ད་ནི། བསིལ་ལ་ཡང་། ཞེས་དང་། བཻ་སྔོན་མན་འགྲེལ་དུ་སྲེ་ད་ཞེས་ནས་རྒོད་ཅེས་བྱ་ཞིང་དེ་ཡང་ཟླ་བ་གཉིས་པ་སྨིན་པའི་སྲེ་ད་ཞེས་པ་ཐན་འབྱུང་བ་ཙམ་གྱི་འབྲུ་ལ་ངེས་ཞེས་དང་། རྒྱལ་པོ་ཛ་གཏྟའི་བརྒྱད་སྟོང་རྣམ་བཤད་དུ་སྲེ་ད་ནི་རྩ་བའི་རིགས་ཀྱི་བྱེ་བྲག་ལོ་ཏོག་རླན་པར་བྱེད་པ་ཡིན་པར་གསུངས།།

གོང་ངོས། སྲན་མ་གཞན།
X