>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

དབྱར་རྩྭ་དགུན་འབུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 11:06:41 ཀློག་གྲངས། 32

     བྱེ་བ་རིང་བསྲེས་ལས།དབྱར་རྩྭ་དགུན་འབུ་ཞེས་བྱ་བ།། རྩྭ་རི་སྒམ་པོ་ལ་སོགས་ཀྱི།། རི་བོ་དབེན་པའི་ལྗོངས་སུ་སྐྱེ།།  རྩ་བ་འབུ་ལ་ལོ་མ་རྩྭ།། རི་སྒོག་འདབ་མ་འདྲ་བ་ལ།། མེ་ཏོག་ཨ་ཝ་དར་ལྗང་འདྲ།།  རྩ་བ་སྟོན་གཞུག་གོ་སྙོད་འདྲ།། ཞེས་དང་། མཛེས་མཚར་མིག་རྒྱན་ལས།། རི་མཐོ་སར་སྐྱེ་བ་དབྱར་དུས་རྩ་བ་འབུ་འདྲ་ལ་ལོ་མ་རི་སྒོག་འདྲ་ཞིང་མེ་ཏོག་ཨ་ཝ་དང་ལྫང་བའི་རྩ་བ་སྟོན་ཀར་གོ་སྙོད་ལྟ་བུའོ།། ཞེས་གསུངས་སོ།།  མཁལ་དྲོད་གསོ་ཞིང་མཁལ་མའི་ནུས་སྟོབས་སྐྱེད།།  གློ་གཅོང་གློ་ཚད་དབུགས་མི་བདེ་བ་སེལ།། ལུས་ཀྱི་སྟོབས་སྐྱེད་ཐིག་ལེ་འཛག་གཅོད་སྲུངས།།  རླུང་དང་མཁྲིས་པ་སེལ་བྱེད་ཅིང་།།  བད་ཀན་མི་སྐྱེ་ངོ་མཚར་ཆེ།།  ཀྱད་པར་བྱང་སེམས་རབ་ཏུ་འཕེལ།།  བཅུད་ལེན་སྐྲ་དཀར་གཉེར་མ་མེད།།  རྒན་བྱིས་ཟུངས་ཟད་རྣམས་ལའང་།། བདུད་རྩི་ལྟ་བུར་ཕན་པ་ཡིན།།

གོང་ངོས། བྲག་ཞུན།
X