>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

སེར་ཚུར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 17:04:35 ཀློག་གྲངས། 14

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སེར་ཚུར་རུལ་གཅོད་སྐྲན་ལ་བརྐོ  ཞེས་སེར་ཚུར་བྲག་ལས་འབྱུང་བ་དང་། བྲག་དཀར་བ་སྐྱ་བ་ལས་འབྱུང་བ་ཤས་ཆེ། བྲག་ལ་ཡང་རང་མདོག་གི་བྲག་དྲེག་འབྱུང་། ཕྱི་དབྱིབས་ཚུར་ནག་ཁ་དོག་དཀར་ལ་སེར་ཁ་ཆགས། སེར་ཚུར་དཀར་ལ་སྐྱ། རོ་འདྲ་བ་ལས་ནག་པོ་ངད་ཆེ། ངེས་པ་ནི། སྙ་ལོ། བྲ་བོ། ཨ་རུ་ར། སེ་འབྲུའི་གང་བུ་རྣམས་གང་རིགས་དང་མཉམ་དུ་ཆུར་སྦྱར་བས་ཁུ་བ་ནག་སེར་རང་མདོག་སྟོན། འདྲེས་པས་སེར་ལྗང་ཡོང་བ་ཡང་ཡོད། ཁུ་བ་དེ་བཞིན་ལ་བ་དང་བལ་ལ་ཚོས་བྱས་ཀྱང་འཇུ་བ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སེར་ཚུར་ནི། དབུས་གཙང་དུ་སྣམ་བུ་ཚོས་བྱེད་པའི་སྔོན་དུ་སྐྱུར་ཁུ་ལ་རྒྱག་པའི་ཅུང་ཟད་སེར་བ་སྟེ། དེ་ལ་ཨ་རུ་རའི་ཁུ་བར་བཏབ་ན་སེར་པོར་འགྲོ་ལ། དེ་དག་གིས་རུལ་བ་གཅོད་ཅིང་སྐྲན་བརྐོ། དང་པོ་སྐྲ་བྱི་བ་ལའང་ཕན།
     མཛེས་མཚར་མིག་རྒྱན་ལས། སེར་ཚུར་ནི། དཀར་ལ་སེར་ཤས་ཆེ་བའི་ཤིན་ཏུ་སེར་པོ་བཟང་། བོད་དུ་སྣམ་བུའི་ཚོས་བྱེད་ལ་སྐྱུ་རུ་ར་དང་། ཨ་རུ་རའི་ཁུ་བ་བཅས་རྒྱགས་པས་མདོག་ཤིན་ཏུ་སེར་པོ་འགྱུར་བ་ཡིན། ནུས་པ་སོང་མ་ཐག་པ་ལྟར།

གོང་ངོས། ཡིག་ཆ་མི་འདུག
X