>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ལན་ཚྭ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 17:00:26 ཀློག་གྲངས། 33

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལན་ཚྭས་ཟས་འཇུ་སྐྲན་བཤིག་འགགས་པ་འབྱིན།། ཞེས་པ་མིང་ཡུལ་ཚྭ་དང་ཚོང་ཚྭ་ཞེས་པ་སྟེ། ཡུལ་གར་ཡང་མ་ངེས་ཕལ་ཆེར་ལ་མང་དུ་འབྱུང་ལ། ཁྱད་པར་ས་དམར་ཤས་ཆེ་བ་ལས་འབྱུང་བས། ས་འོག་ནས་ཚྭ་ཆུའི་ཆུ་མིག་རྡོལ་བ་ཟུར་དུ་ཕྱུང་ལ་ཆགས་སུ་བཅུག་པ་ཡུལ་སོ་སོའི་འདེབས་ཚྭ་སྟེ། དེ་ཡང་ཡུལ་སའི་ཁ་དོག་གིས་མ་གོས་པ་དགོས། ས་མདོག་བྱུང་ན་བགྲུངས་ནས་འཐག་པར་བྱ། སྟོན་དཔྱིད་བཟང་། དབྱར་འབྲིང་། དགུན་ངན་པ།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ལན་ཚྭ་ཞུ་རྗེས་དྲོད།། ནུས་པས་སྐྲན་ནད་བཤིག་སྦྱོང་དྲོད་སྐྱེད་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལན་ཚྭ་ནི། ཤུ་བ་དང་ཆང་ནད་ལ་ཕན།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ལན་ཚྭ་ནི། ཡོངས་གྲགས་ཀྱི་ཚྭ་རོ་ཞིམ་ཤས་བུལ་ལྷད་མེད་པ།
     མཛེས་མཚར་མིག་རྒྱན་ལས། ལན་ཚྭ་ནི། མཚོ་ལས་འབྱུང་བའི་ཚྭ་ཕལ་ཆེར་ཤེལ་ལྟར་སྔོ་དམར་འགའ་ཤས་མདོག་སྣ་ཚོགས་ཡང་ཡོད། བྱང་ཕྱོགས་ཧོར་གྱི་ཚྭ་བཟང་པོར་བྱང་ཚ་ཞེས་བཟོ་བའི་སྐབས་སུ་བཤད་ཅིང་། ཡང་ན་རྒྱ་ནག་གི་རྒྱ་མཚོ་ལས་འབྱུང་བ་ཚྭ་སྔོན་པོ་ཡང་འདུག

གོང་ངོས། ཡིག་ཆ་མི་འདུག
X