>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ཝ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:50:04 ཀློག་གྲངས། 23

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལྦ་ཚས་ལྦ་བ་འཇོམས་ཤིང་ཤ་ལྷག་བཞུ།། ཞེས་པར། རང་བྱུང་པས། ལྦ་ཚས་ལྦ་བ་རྨེན་བུར་ཕན།། འཇང་གི་ཚ་ནག་དེ་དང་འདྲ།། ཞེས་གསུངས། འདི་ལ་སྟོད་ནས་འོང་བ་བྱེ་མ་ཀ་ར་གོང་བུར་འདྲིལ་བ་འདྲ་ལ་ཚྭའི་རོ་ཤིན་ཏུ་དུགས་པ་ཞིག། དེ་བཞིན་འཇང་ཡུལ་གྱི་ཚ་དམར་ལ་ནག་ཅིང་ཞིབ་པ་སྣུམ་འབོལ་འོད་ཅན་ཁ་རུ་ཚ་ཁྲོབ་བརྡུངས་བྱས་ནས་བསྲེས་པ་འདྲ་བ་དང་ཡུལ་གང་རིགས་ཀྱི་བྲག་ལ་ཆགས་པ་དཀར་ལ་རོ་སྔ་མ་ལྟ་བུ་འབྱུང་བ།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ལྦ་ཚས་སྐེ་ལྦ་འཇོམས་ཤིང་མེ་དྲོད་གསོ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ལྦ་ཚས་ལྦ་བ་འཇོམས་ཤིང་མེ་དྲོད་གསོ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལྦ་ཚ་ནི། ལ་ལས་ཤིང་ཚ་འཐུག་པོ་ལ་ངོས་འཛིན་པ་ནོར་ལ། དངོས་ནི་ཚྭ་རིགས་བྱེ་མ་ཀ་ར་གོང་བུར་འདྲིལ་འདྲ་ལ་ཚྭའི་རོ་ཤིན་ཏུ་དུགས་པ་ཡོད་པ་ཞིག་སྟེ། དེ་མ་རྙེད་ན་ས་ཕུག་གི་བ་ཚས་འཚབ་རུང་ལ། དེས་ལྦ་བ་འཇོམས་པ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ལྦ་ཚ་ནི། ཡུལ་འགའ་ཞིག་ཏུ་ལྦ་བར་ཕན་པའི་སྨན་ཚ་དཀར་པོ་སོབ་སོབ་ཞིག་ཡོད་པ་དེ་ཡིན། གཙང་ཚ་རོང་དང་། ཁ་བ་དཀར་པོ་སོགས་སུ་ཡོད་པར་བཤད།
     མཛེས་མཚར་མིག་རྒྱན་ལས། ལྦ་ཚ་ནི། སྟོད་ནས་འོང་བ་བྱེ་མ་ཀ་ར་གོང་བུར་འདྲིལ་བ་འདྲ་ལ། ཚྭའི་རོ་ཤིན་ཏུ་འདུག་པ་ཞིག་གོ། བཻ་སྔོན་ལས་མ་རྙེད་ན་ས་ཕུག་གི་བ་ཚས་ཚབ་རུང་ཞེས་པ་ནི་བུལ་ཏོག་ཡིན། དེས་ལྦ་རྣམས་འཇོམས་པར་བྱེད།།

གོང་ངོས། ཡིག་ཆ་མི་འདུག
X