>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ཚ་ལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:38:57 ཀློག་གྲངས། 20

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད།། ཞེས་པར། རང་བྱུང་པས། ཚ་ལ་དཀར་པོ་དྲག་པོར་སྦྱོང་།། གསུངས། མིང་། ཏིཀྵྞ་ཁ་ཏྲ། ཧིངྒུ། དར་ཚུར། ཟངས་རྩི། རྨ་སྦྱོར། ཤེལ་རྩི། རྒྱུག་བྱེད། འཇུ་བྱེད། བཞུ་རྩི་ཟེར། འདི་རྒྱ་གར་དང་ཁ་ཆེ་མངའ་རིས་མཚམས་སོགས་ནས་འབྱུང་། ཆུ་ལས་བྱུང་བ་སྟེ་རིགས་གསུམ། ས་འོག་སོགས་སུ་འཁྱག་ལྟར་ཆགས་པ་སྔོ་དཀར་དངས་ལ་འོད་ཟེར་ཆགས་པ་བཟང་། སྐྱ་ཧྲུག་བྱི་བྲུན་མ་འབྲིང་། བུལ་ཏོག་འདྲ་བའི་དཀར་ཉོབ་ནི་རྒྱུ་ངན་པ་དང་། བཟང་ཡང་རྙིང་ནས་ཡལ་སོང་བ་ཡིན་པས་ངན། གང་ཡང་རོ་མངར་བ་ཡིན། བསྲེགས་ཚེ་འཇུ་ཞིང་ཁོལ་ལ་ལྦུ་བ་དཀར་པོར་བྲ་བོའི་ཡོས་ལྟར་འཕེལ་བ་བཟང་། འཇུ་ཡང་མི་འཕེལ་བ་འབྲིང་། མི་འཇུ་བ་ངན་པ།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཚ་ལས་རྨ་འདྲུབ་དྲོད་དང་ཁྲག་ནད་འཇུ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ཚ་ལ་རོ་ནི་ལན་ཚྭ་ཞུ་རྗེས་སྙོམས།། རྨ་འདྲུབ་རྣོ་དང་ཁྲག་ངན་འཇུ་ཞིང་སྦྱོང་།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཚ་ལ་ནི། མེ་ལ་བཏབ་ན་ལྦུ་ཧྲོག་ཏུ་ཁོལ་བ་སྟེ་མཚོ་ལས་འབྱུང་བའི་ཤེལ་འདྲ་རབ་དང་། ཕལ་བ་བྱེ་བྲུན་མ་སྟེ། དེ་དག་གིས་རྨ་འདྲུབ་ཁྲག་འཇུ་བ་དང་སྦྱོང་བར་ཡང་བྱེད་ཅིང་ཆུ་སེར་སྐེམ།
     མཛེས་མཚར་མིག་རྒྱན་ལས། ཚ་ལ་ནི། དར་ཚུར། ཟངས་རྩི། ཤེལ་འཇུ། འཇུ་རྩི་ཟེར། ཆུ་ལས་འབྱུང་བ་སྔོ་དཀར་མདངས་མ། ཆགས་ན་གངས་སམ་ཏི་ཚ་དཀར་པོ་འདྲ་བ་རོ་མངར་བ། བསྲེགས་ཚེ་འཇུ་ཞིང་ཁོལ་བས་ཤེལ་འཇུ་བར་བྱེད། སྨན་བུ་ལས། ལྕགས་སྣོད་དུ་འཇུ་བས་བཏུལ་བར་གསུངས་པས་རྨ་འདྲུབ་ཁྲག་འཇུ་སྦྱོང་ཞིང་ཁྱད་པར་ཆུ་སེར་སྐེམ།

གོང་ངོས། ཡིག་ཆ་མི་འདུག
X