>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

བ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:22:10 ཀློག་གྲངས། 31

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བ་ཚས་ཆུ་འབྱེད་ཐུར་དུ་སྦྱོང་བར་ནུས།། ཞེས་པ་གད་གྲོག་ལ་ཆགས་པ་སྣུམ་འབོལ་རླན་ཅན་ཟེ་ཚའི་རྒྱུ་འདྲ་བ་ལ་ཚྭ་བྲོ་ངད་ཆེ་ཡང་མེར་བསྲེགས་ན་ཟེ་ཚ་ལྟར་མི་ཁོལ་བ་ཡིན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བ་ཚ་ཞེས་པ་ཁང་པའི་གྱང་རྙིང་སོགས་ལ་ཆགས་པའི་ཟེ་ཚའི་རྒྱུ་དང་། ན་སོགས་ལ་ཆགས་པའི་ཚྭ་རིགས་གཉིས་ཀྱིས་གཅིན་འགག་འབིགས།
     མཛེས་མཚར་མིག་རྒྱན་ལས། བ་ཚ་ནི། ཁང་པའི་གྱང་རྙིང་ལ་ཆགས་པ་སྣུམ་འབོལ་རླན་ཅན། ལྕེ་འབིག་བྱེད་པ་ཟེ་ཚའི་ཆུ་ཡིན་ལ་ཚྭ་བྲོ་བ་མེར་བསྲེགས་ན་ཟེ་ཚ་ལྟར་མི་ཁོལ་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X