>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ནག་ཚུར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:20:17 ཀློག་གྲངས། 19

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ནག་ཚུར་རུལ་གཅོད་སྐྲན་ལ་བརྐོ ཞེས་པ་འདི་གཉིས་ས་དང་བྲག་ལས་ཕྱུར་བ་སྟེ། ཁ་དོག་མ་ངེས་ཀྱང་ཚུར་ནག་ཤས་ཆེ་ས་དང་བྲག་ལས་ཀྱང་འབྱུང་བ་དང་། དེ་ཡང་ས་བྲག་སྔོ་བ་དང་ནག་པ་ལས་འབྱུང་བ་ཤས་ཆེ།
     མཛེས་མཚར་མིག་རྒྱན་ལས། ནག་ཚུར་ནི། བྲག་ལས་འབྱུང་བ་དཀར་ལ་སྔོ་སེར་དུད་ཁ་སོགས་ངེས་པ་མེད་ལ། དེའི་ལྦུ་བ་ལྕགས་ལ་བྱུགས་ནས་མཉེས་ན་ཟངས་ལྟར་དམར་པོ་གཏོང་ཐུབ། ཚོན་ལ་བཏབ་པས་ནག་ཤས་ཆེ་འགྱུར། དེས་རུལ་གཅོད་སྐྲན་ལ་བརྐོ།

གོང་ངོས། ཡིག་ཆ་མི་འདུག
X