>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

ས་སྨྱག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:02:02 ཀློག་གྲངས། 13

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ས་སྨྱག་ཚ་སྐྲངས་འཇོམས་ཤིང་རྒྱུ་རྩི་སྲུང་།། ཞེས་པ། སའི་རྐེད་པའམ། བྲག་གི་གསེང་སོགས་སུ་རིམ་པས་ཆགས་པའི་ས་འདམ་རྡོ་མེད་པ་མར་ལྟར་སྣག་ལ་དམ་རྩི་དང་ས་ཞག་ཁ་རྩི་ཆགས་པ་མྱངས་ན་ཞིམ་ཞིང་ཟ་སྤྲོ་བ། ཁ་དོག་དཀར་དམར་སེར་སོགས་ཡོང་བ་དེས་ཚ་བ་ལས་གྱུར་བའི་སྐྲངས་འཇོམས་ཤིང་། བྱིས་པ་སོགས་ཀྱི་རྒྱུ་མའི་རྩི་སྲུང་བར་བྱེད་པས་དམར་བཤལ་ལ་ཕན། སྔགས་པས་འདི་ལས་ས་སྔགས་བྱས་ན་སྐྲངས་འཇོམས་པར་སྔགས་ལས་ས་ནུས་པ་མི་ཆུང་། མ་རྙེད་ན་དབྱར་མཚོ་ཆུང་སྐམ་རྗེས་ཀྱི་ས་འདམ་གྱི་ཁར་ས་ཞག་ཆགས་པས་ཚབ་རུང་བར་བཤད།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ས་ཞག་ལ་ས་སྨྱག
     མཛེས་མཚར་མིག་རྒྱན་ལས། ས་སྨྱག་ནི། ས་ཞག་ཟེར། ས་འམ་བྲག་གསེང་ལ་རིམ་པས་ཆགས་པ་སྔོ་ཆུང་དུ་ལྦུ་འདྲ་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X