>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

རམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 10:57:41 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རམས་ཀྱིས་མིག་དང་མེས་ཚིག་རྨ་ལ་ཕན།། ཞེས་པར། རང་བྱུང་པས། རམས་ནི་གདོན་གྱི་ནད་ལ་ཕན།། གསུངས། རིགས་གསུམ་སྟེ། ཚོན་རམས་དང་། ཚོས་རམས་དང་། རྐྱགས་རམས། ཚོན་རམས་ཡང་ཞིང་མཁྲེགས་ལ་མཐིང་ནག་དམར་འོད་ཆགས་པ་བཟང་། ཚོས་རམས་དེ་ལས་ཅུང་ཙམ་སྔོ་ནག་དམར་འོད་ཆུང་བ་འབྲིང་། རྐྱགས་རམས་སྔོ་སྐྱ་འོད་མེད་ལྕི་བ་ངན། འདི་འགའ་ཞིག་གིས་སེང་གེའི་བྲུན་ཡིན་སྨྲ་ཡང་མི་འཐད་དེ། སེང་གེ་མཐོང་མཁན་མེད་པར་དཀོན་ལ། རམས་རབ་ཏུ་མོད་པས། ཁ་ཅིག་ཤིང་གི་ཁཎྡྲིར་བཤད་ཀྱང་ཁཎྡྲིའི་ཉམས་དབྱིབས་མེད་ལ། ཚོན་གྱི་རྣམ་དབྱེ་ལས་ས་ཡིན་པར་བཤད་པ་དང་། དངོས་ཀྱང་ས་ཡིན་པར་མངོན།
     སྨན་མིང་རྒྱ་མཚོ་ལས། རམས་ནི་གདོན་གྱི་ནད་ལ་ཕན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རམས་རྨ་ལ་ཕན་ཞིང་ཚ་སྐྲངས་འཇོམས།
     མཛེས་མཚར་མིག་རྒྱན་ལས། རམས་ནི། རྒྱ་ནག་གི་ཚོན་རྩ་སྔོན་པོ་ལན་སའུ་ཞེས་པའི་ཁུ་བས་ཁཎྡྲི་བྱས་པ་ཡིན། ངོ་བོ་ས་སྐམ་པོ་འདྲ་བ་དེའི་མཐིང་དམར་བཟང་སྔོ་སྐྱ་ངན།

གོང་ངོས། ཡིག་ཆ་མི་འདུག
X