>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

མཚེར་སྐྱོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 10:49:37 ཀློག་གྲངས། 4

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཚེར་སྐྱོང་གྱུར་དུག་ཆུ་དུག་གྲེ་འགགས་སེལ།། ཞེས་པ། ཕྱུགས་ལྷས་ཀྱི་རྫིང་ཆུ་འཁྱིལ་བའི་འོག་ཁྲུ་གང་བརྐོས་པའི་ས་སྔ་མ་ལྟར་བགྲུངས་པའི་ཆུ། འདིས་ཕྱུགས་རིགས་ཆུ་དུག་ན་བ་ལ་ཕན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཚེར་སྐྱོང་ཞེས་པ་ཕྱུགས་ལྷས་ཀྱི་ཆུ་འཁྱིལ་ཤུལ་གྱི་ཁྲུ་གང་འོག་གིས་སས་གྱུར་དུག་གི་གྲེ་འགགས་སེལ།

གོང་ངོས། ཡིག་ཆ་མི་འདུག
X