>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

ཕེའུ་དུགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 9:58:53 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཕེའུ་དུགས་ཀྱིས་ཚད་པ་རླུང་ལྡན་འཇོམས།། ཞེས་པ། ས་སྦྱོར་རྫ་མ་ལྟར་བྱས་ལ་སོ་མ་བཏང་བའི་ས་ཕག་གྱོ་མོ་ལས་མཐུག་ཙམ་བཅོས་ལ་སྐམས་པ་དང་། མེ་ལ་བསྲོས་པའི་དུགས་ཀྱིས་རླུང་ཚད་འཐབ་དུས་རླུང་གསང་བདུགས་ན་ཕན་པ་ཡིན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཕའུ་ནི། སོ་མ་བཏང་བའི་ཕ་གུ་སྟེ། དེའི་ཚ་དུགས་ནི་རླུང་ཚད་འཐབ་དུས་རླུང་གསང་ལ་དུགས་ན་ཕན།

X