>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

གྲོག་ཤིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 8:56:27 ཀློག་གྲངས། 31

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གྲོག་ཤིང་རྨ་དང་གཟེར་སྐྲངས་ཆུ་སྲི་སེལ།། ཞེས་པ་རབ་མཆོད་རྟེན་དང་ལྷ་ཁང་། མིན་ཀྱང་གྱང་རྙིང་གད་རལ་སོགས་ཀྱི་ངོས་ལ་ཆར་ཡུན་དུ་ཕོག་པས་སའི་འཇམ་ཆགས་པ་ལས་རྩྭའི་རྣམ་པ་མེ་ཏོག་གི་ཟེའུ་འབྲུ་འདྲ་བ་ཡམ་ཙམ་སྐྱེས་པས་ཅུང་ཟད་སྤང་གི་རྣམ་པར་གྱུར་པའི་ཁ་ས་དེ་བསྲོས་པའི་ཚ་དུགས་བྱེད་པ་ཡིན།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། གྲོག་ཤིང་ཞེས་པ་རྩིག་པའམ། གྱང་རྙིང་པ་ལ་ཆར་མང་དུ་བབ་པ་ལ་སྤང་གི་རྣམ་པ་ཅུང་ཆགས་པ་ལ་ཟེར། དེ་ས་དང་མ་འདྲེས་པ།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། གྲོག་ཤིང་མཆོད་རྟེན་ལྷ་ཁང་ལྡེབས་སུ་སྐྱེ་བ་མཆོག དེ་མིན་གང་དུ་སྐྱེ་བའི་གྲོག་ཤིང་དམན་པ།

གོང་ངོས། ཡིག་ཆ་མི་འདུག
X