>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཟངས་རྡོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:32:30 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཟངས་རྡོ་ཟངས་མཚུངས་ཁྱད་པར་གློ་རྣག་འདྲེན།། ཞེས་དང་། རང་བྱུང་པས། ཟངས་རྡོ་མཐིང་སྤང་ནད་རྣམས་སྐྱུགས།། ཞེས་པ་ལྕི་ལ་ཟངས་ཚགས་ཡོད་པ་དང་། ཡང་ན་རྡོ་གཞན་ལ་བརྡར་ཤུལ་ཟངས་འདྲ་བ་དང་། ཤས་ཆེ་སྤང་མཐིང་ཡོད་སར་འབྱུང་། རྡོ་རང་ལ་ཡང་སྤང་མཐིང་འགོས་པ་འབྱུང་། ཁ་དོག་མ་ངེས། ཕྱེ་མ་རྒྱ་ཚའི་ཆུ་དང་སྦྱར་ནས་ཞག་གཅིག་ལོན་ནས་བསིལ་སྐམ་བྱས་པས་སྔོན་པོ་གཡུ་མདོག་འབྱིན་པ་དེའོ།། མདོར་ན་བཞུས་པས་ཟངས་འབྱུང་བ་ཡིན།
     སྨན་མིང་རྒྱ་མཚོ་ལས། ཟངས་རྡོ་མཐིང་སྤང་ནད་ཀུན་རྒྱུག།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཟངས་རྡོ་མདོག་ངེས་མེད་ཟངས་ཚག་ཅན་དེ་ཟངས་དང་ནུས་པ་འདྲ་ཞིང་། ཁྱད་པར་དུ་གློ་རྣག་འདྲོངས།
     མཛེས་མཚར་མིག་རྒྱན་ལས། ཟངས་རྡོ་ནི། མདོག་མ་ངེས་ལྕི་ལ་ཟངས་ཆགས་ཡོད། རྡོ་གཞན་ལ་བརྡར་ཤུལ་ཟངས་འདྲ་བ་དང་། སྤང་མཐིང་ཡོད་པའི་སར་འབྱུང་། ཕྱེ་མ་རྒྱ་ཚའི་ཆུར་ཞག་གཅིག་ལོན་ནས་ལྗང་གུ་འགྱུར་ཏེ། བཞུ་བས་ཟངས་འབྱུང་བ། རང་བྱུང་ཟངས་ཟེར་བ་ཡིན། ཟངས་རྡོ་ཟངས་མཚུངས་ཁྱད་པར་གློ་རྣག་འདྲེན།། ཞེས་གསུངས།

གོང་ངོས། ཡིག་ཆ་མི་འདུག
X