>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མུ་ཟིའི་རྡོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:03:43 ཀློག་གྲངས། 9

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ཟིའི་རྡོ་ཡིས་དམུ་ཆུ་ཆུ་སེར་སྐེམ།། ཞེས་པ་མུ་ཟི་འབྱུང་བའི་རྡོ་མུ་ཟི་མ་བརྟོལ་བའི་རྡོ་དེ་མུ་ཟི་ལྟར་དུག་ཕྱུང་བ་དང་། འགའ་ཞིག་མུ་ཟི་བཏོན་ཤུལ་གྱི་རྡོར་བཞེད་ཀྱང་ཕྱི་མ་འདི་བྱུག་སྨན་ལ་བཟང་། ཁོང་སྨན་དུ་མིན་གསུངས། རྗེ་རང་བྱུང་རྡོ་རྗེས་མུ་ཟིའི་རྡོ་བསྲེག་དགོས་པར་གསུངས། བསྲེག་ལུགས་ཞིབ་ཏུ་བཏགས་ལ་རིལ་བུ་བྱས་ནས་དུ་བ་མ་ཤོར་བར་ནུས་ལྡན་དུ་བསྲེགས་པ་འདི་ཤིན་ཏུ་ལེགས། ཞེས་བཞུ་བའི་ཁམས་སུ་གཏོགས་པའི་རྡོ་སྨན་རྩ་བ་བཅུ་བཞི་ནང་ཚན་རིགས་བཅས་ཉི་ཤུ་རྩ་གཉིས་རྒྱས་པར་བཤད་ཟིན།

གོང་ངོས། ཡིག་ཆ་མི་འདུག
X