>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མཐིང་སྔོན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 17:13:27 ཀློག་གྲངས། 14

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཐིང་སྔོན་མཁལ་ནད་ཆུ་སྲི་རྒྱུས་འགྲམས་སེལ།། ཞེས་པར། རྗེ་རང་བྱུང་པས། ཟངས་རྡོ་མཐིང་སྤང་ནད་ཀུན་སྐྱུགས།། ཞེས་པའང་ཚོན་མཐིང་ཡོངས་གྲགས་ཏེ། རྒྱ་མཐིང་ཤིང་ཕྱེ་འདྲ་བ་ནི་མ་ཡིན།
     མཛེས་མཚར་མིག་རྒྱན་ལས། མཐིང་ནི། མཐིང་ཞུན་ཟེར། ཤེལ་འཕྲེང་ལས། སྤང་མཐིང་དང་ཟངས་རྡོ་ཕན་ཚུན་རྒྱུད་གཅིག་པར་མཐོང་། ཞེས་པ་རྡོ་མཐིང་ནག་རྡོག་པོ་ཡིན། རྒྱ་ནག་གི་རྒྱ་མཐིང་ཡང་ཆིང་ཞེས་པའི་ཕྱེ་མ་མ་ཡིན།

གོང་ངོས། མཐིང་རྒྱུས།
X