>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

རྡོ་ཀླད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 16:00:54 ཀློག་གྲངས། 29

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་ཀླད་ཀླད་པ་སྡོམ་ཞིང་ཤའུ་སྐྱེད།། ཅེས་པ་ནི། རྡོ་དཀར་པོ་ཕྱི་དབྱིབས་ཀླད་པ་འདྲ་ལ་ཀླད་འབྲུམ་ཐམ་ཐུམ་ཡོད་པ་སྟེ། ཤིན་ཏུ་མཁྲེགས་ལ་བཅག་འཕྲོ་ཁ་དོག་བཅས་བ་སོ་འདྲ་བ་ཞིག་ཡོད་འདི་ལྷོ་རྟ་ཤོད་ཟ་མ་རི་ལ་ལུང་ཆུང་གཅིག་གི་རྡོ་ཕལ་ཆེ་བ་འདི་ཡིན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རྡོ་ཀླད་ནི།དཀར་པོ་འབྲུམ་པ་ཡོད་པའི་ཀླད་པ་འདྲ་བ་སྟེ། དེས་ཀླད་པ་སྡོམ་ཞིང་ཤའུ་གསོ།
     མཛེས་མཚར་མིག་རྒྱན་ལས། རྡོ་ཀླད་ནི། རྡོ་དཀར་པོ་ཕྱི་དབྱིབས་ཀླད་པ་འདྲ་ལ་ཀླད་འབྲུམ་འབུར་འབུར་ཡོད་ཅིང་། ཤིན་ཏུ་མཁྲེགས་ལ་བཅག་འཕྲོ། ཁ་དོག་བཅས་པ་བ་སོ་འདྲ་བ་ཡིན། འདིར་རིགས་མཐུན་པ་འབྲུག་ཀླད་ནི་རྡོ་དཀར་ཞོ་འདྲ་ལ་རྡོག་ལེབ་མི་འདྲ་བ་ཡང་སྙི་འབོལ་ཞིང་ཀླད་བཙོས་ལྟ་བུ། བཅག་ན་འཕྲོ་ཤིང་ཆག་འཕྲོ་འདྲ་བ་ཟོས་ན་རྡོ་ཉམས་མི་འབྱུང་།

གོང་ངོས། དུང་འདྲ།
X