>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མཐིང་རྒྱུས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 15:29:11 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཐིང་རྒྱུས་ནི། རིགས་གཉིས་ཏེ། དབྱིབས་རྒྱུས་པ་འདྲ་ལ་བརྡུངས་ན་སོག་རྒྱུས་གྱོང་པོ་ལྟར་འཇིག་པ་ལ་སྔ་མ་ལྟ་བུའི་མཉེན་ཆ་དང་འབོལ་བ་མེད་ཅིང་ནན་གྱིས་བརྡུངས་ན་ཕྱེ་མར་འགྲོ་བ་ཡིན། འདི་འདྲ་ལ་ཁ་དོག་གི་དབྱེ་བས་སྔོན་པོ་མཐིང་རྒྱུས་དང་། སྔོ་ལྗང་ལ་སྤང་རྒྱུས་ཞེས་སྔ་ཕྱི་གསུམ་ལ། རྡོའི་རྒྱུས་པ་རྣམ་གསུམ་ཟེར།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཐིང་རྒྱུས་ལ། སྔོན་པོ་དང་ལྗང་ཁུ་ཅི་རིགས་ཏེ། དེ་རྒྱུས་པ་འདྲ་ཞིང་གོས་ཐག་རུང་བ་སྟེ། དེ་དག་གིས་ཆུ་བ་གསོ།
     མཛེས་མཚར་མིག་རྒྱན་ལས། མཐིང་རྒྱུས་ནི། རྡོ་རྒྱུས་འདྲ་ལ་བརྡུངས་ན་མཉེན་འབོལ་མེད་ཅིང་འཇིག་པས་ཕྱེ་མར་འགྲོ་བ་ཡིན། མདོག་སྔོན་པོར་མཐིང་རྒྱུས། ལྗང་ཁུར་སྤང་རྒྱུས་ཟེར། དེས་ཆུ་བ་གསོ།

གོང་ངོས། ཡིག་ཆ་མི་འདུག
X