>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཏི་ཚ་སེར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 11:33:29 ཀློག་གྲངས། 47

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཏི་ཚ་སེར་པོས་རྨ་འདྲུབ་མིག་ལ་ཕན།། ཞེས་དང་། རང་བྱུང་པས། ཏི་ཚ་དམར་ནག་ཆུ་སེར་སྐེམ།། ཞེས་པ་ནི། འགའ་ཞིག་རྡོ་དམར་སེར་གཉིས་ལ་བཞུས་ན་ཞ་ཉེ་འབྱུང་བར་བཞེད་ནའང་། རང་ལུགས་ནི། རྡོ་སེར་པོ་གསེར་རྡོ་འདྲ་བར་སྤང་མཐིང་འགོས་པའམ། བཙའ་སེར་པོ་ཆགས་པ་དང་། དམར་པོ་ཞིག་ཀྱང་འབྱུང་། གང་ཡང་མེ་ལ་བཞུས་ན་དུད་པ་འབྱུང་བ་དང་། ནག་པོ་དངུལ་རྡོ་འདྲ་བ་གཉིས་འབྱུང་། བཞུས་ན་ཏི་ཚ་སྔོ་ཆོག་རང་འབབ་པ་ལ་བྱེད། རྡོ་འདི་རང་ལོག་གམ། རྡོ་གཞན་ལ་འགོས་པ་འབྱར་བ་ཅི་རིགས་འབྱུང་།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། ཏི་ཚ་སེར་པོ་མཆོག ཏི་ཚ་དམར་པོ་དམན་པ།
     མཛེས་མཚར་མིག་རྒྱན་ལས། ཏི་ཚ་སེར་པོ་ནི། ཟུར་མཁར་བས་ཞ་ཉེ་འབྱུང་བར་གསུངས་པའང་ཏི་ཚ་འབྱུང་བར་བཻ་སྔོན་དུ་གསུངས་ཏེ། རིགས་གཉིས་ལས། སེར་པོ་གསེར་རྡོ་འདྲ་ལ་སྤང་མཐིང་ངམ་རྡོ་གཞན་ལ་འགོས་པས་འབྱར་བ་དང་། བཙག་སེར་པོ་ཆགས་པ་ཡིན། དམར་པོ་ནི་དམར་ནག་དངུལ་རྡོ་འདྲ་བ་འབྱུང་། མེ་ལ་བཞུ་བས་དུད་པ་འབྱུང་ཞིང་ཏི་ཚ་དཀར་པོ་འབབ་པ། དགེ་བཤེས་ཚུལ་ཁྲིམས་ཀྱིས། འདི་མ་རྙེད་ན་བཞུ་བཏུལ་བྱས་ཟིན་པའི་ཏི་ཚ་སྦྱར་ནའང་འདྲ། ཞེས་པ་དེས་རྨ་འདྲུབ་མིག་ལ་ཕན།

གོང་ངོས། ཡིག་ཆ་མི་འདུག
X