>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དངུལ་ཟིལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-28 16:30:28 ཀློག་གྲངས། 16

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དངུལ་ཟིལ་ནི། རང་བྱུང་ཞབས་ཀྱིས། དངུལ་ཟིལ་རྡོ་དུག་སེལ་བར་བྱེད།། གསུངས་པའི་དབྱིབས་ངེས་མེད་འོད་ཁབ་གཤིབས་པ་ལྟར་རིང་ལ་ཁ་དོག་དངུལ་རྡོ་ལས་ཅུང་ལྗང་ལ་དཀར་ཞིང་འབོལ་བ་ཞིག།
   སྨན་མིང་རྒྱ་མཚོ་ལས། དངུལ་ཟིལ་རྡོ་དུག་སེལ་བར་བྱེད།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དངུལ་ཟིལ་ལ། དཀར་ལྗང་གཉིས་ཏེ་གསེར་དངུལ་རྡོ་དང་ཅུང་ཟད་འདྲ་བ་ལ་དེ་དག་ལས་ཞན་ལ་འབོལ་ཞིང་སྣ་རིང་བཅག་ན་རྒྱ་ཁབ་གཤིབས་ལྟར་རྣོ་ལ་འོད་ཅན་ཏེ། རུས་མདོག་འབྱིན།
   མཛེས་མཚར་མིག་རྒྱན་ལས། དངུལ་ཟིལ་ནི། རྡོ་དཀར་པོ་དང་ལྗང་གུ་རིགས་གཉིས་ཏེ་ཁ་དོག་ལྗང་ལ་དཀར་ཞིང་དངུལ་རྡོ་དང་ཅུང་ཟད་འདྲ་བའོ།། དེའི་ནུས་པ་གོང་མ་བཞིན།

X