>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

གྲུ་བཞི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-28 15:30:29 ཀློག་གྲངས། 27

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གྲུ་བཞིས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན།། ཞེས་དང་། རང་བྱུང་བས། ནག་པོ་གྲུ་བཞིས་མཆིན་སྨན་ཕན།། གསུངས་པ། རྡོ་སྨུག་ནག་སེར་ཁ་ཅུང་ཟད་ཡོད་པ། དབྱིབས་གྲུ་བཞི་ཁོ་ན་ལས་མི་ཡོང་བ་བཅག་ན་ཕྱི་ནང་ཐམས་ཅད་རྒྱུ་གཅིག་པ་འདི་ཉིད་ཡིན། འདི་ལི་ཐང་རླུང་འཚུབ་སྒང་ན་མང་དུ་ཡོད། ཕ་བང་སྐབས་བཤད་ལྟར་འདི་དང་རྒྱུ་དབྱིབས་ནུས་པ་ཕ་བང་དང་མི་འདྲ་བ་གསལ་བ།
   སྨན་མིང་རྒྱ་མཚོ་ལས། ནག་པོ་གྲུ་བཞི་ཁྱི་སྨྱོན་ཕན།།
   མཛེས་མཚར་མིག་རྒྱན་ལས། གྲུ་བཞི་ནི། རྡོ་ཕོ་རོག་ཟེར། དེ་ཡང་མགོན་པོའི་བླ་རྡོ་ཡིན། མཛེས་རྒྱན་ལས། ཕ་ཝང་ལོང་བུ་ཞུ་བའི་ཁམས་དང་གྲུ་བཞི་ནི་མི་ཞུ་བར་བཤད་པ་བཞིན་ཕ་ཝང་ལོང་བུ་མ་ཡིན་ལ། དབྱིབས་གྲུ་བཞི་ཁོ་ན་ལས་གཞན་མི་ཡོད་པ། བཅག་ན་ཕྱི་ནང་ཐམས་ཅད་རྒྱ་གཅིག་པ། དེ་ལ་དཀར་རམ་སེར་ནི་བཞུ་བའི་རྡོར་འབྱུང་བ་དང་། དེར་མདོག་ནག་གམ་དམར་སྨུག་སྟེ།
   མན་ངག་རྒྱུད་ལས། གྲུ་བཞི་གསུམ་ཞེས་པ་དང་།
   གསེར་རྒྱན་ལས། ཕ་ཝང་ལོང་བུ་གསུམ་ནི། དཀར་པོ་གྲུ་བཞི། སེར་པོ་གྲུ་བཞི། སྨུག་པོ་ནས་འདྲ་ཟུར་མང་གསུམ་མོ།། ཞེས་པས་ཀླད་གསོ་ཆུ་སེར་འདྲེན།།

གོང་ངོས། གངས་ཐིགས།
X