>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དཀར་པོ་ཆིག་ཐུབ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-26 14:40:05 ཀློག་གྲངས། 131

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཀར་པོ་ཆིག་ཐུབ་ནི། དཀར་པོ་མདུང་རྩེ་སྟེ། སྲ་མཁྲེགས་རྩ་སྦོམ་རྩེ་ཕྲ་བཅག་ན་རྒྱ་ཁབ་གཤིབས་པ་ལྟར་ཞིག་ཅིང་རྣོ་ངར་དང་ལྡན་པ། ཆེ་ལ་སྣ་རིང་བ། ཁ་དོག་དཀར་ལ་མགུལ་རིས་ཡོད།
     སྨན་མིང་རྒྱ་མཚོ་ལས། དཀར་པོ་ཆིག་ཐུབ་རུས་ཚད་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཁ་ཤོག་པ་དཀར་པོ་ཆིག་ཐུབ་པ་ལ་ཟེར་ཡི་རོ་ནི་བསྐ་ཞིང་ཚ།། ཞུ་རྗེས་བསིལ་ཡིན་སྲིན་ནད་སེལ་བ་དང་།། དུག་སྡུད་གག་ལྷོག་ཕོ་ལྷོག་འཇོམས་པར་བྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། དཀར་པོ་ཆིག་ཐུབ་རོ་མངར་ཞུ་རྗེས་བསིལ།། བད་ཀན་གསོ་ཞིང་རུས་ཆག་སེལ།།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། རྡོ་ག་བུར་རམ་དྲི་ལྡན་དུ་གྲགས་པར་དཀར་པོ་ཆིག་ཐུབ་དབྱིབས་གཡམ་པ་ལྟ་བུ་དང་སྨུག་པོ་ཆིག་ཐུབ་མདོག་གི་དབྱེ་བས་བཞེད་པའང་ཡོད།

X