>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

སི་རཀ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 15:37:55 ཀློག་གྲངས། 7

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སི་རཀ་དུག་དང་འབྱུང་པོའི་གདོན་ཀུན་སྲུང་།། ཞེས་པའི་སི་རཀ་ཞེས་བྱ་བའི་རིན་པོ་ཆེ་ནི། མདོག་སེར་ལ་དངས་པ་འོད་སོར་མོ་གསུམ་གྱི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ། མེ་ལ་བཅུག་ཀྱང་མདོག་མི་ཉམས་ཤིང་མི་འཇིག་པའོ།། དེ་ནི་སིང་ག་ལ་དང་། ཀ་ལིངྐ་དང་། ཧོ་རྨུ་ཙ་ལ་སོགས་པའི་ཡུལ་རྣམས་ནས་འབྱུང་ལ་རིན་གྱི་ཚད་ནི་དངུལ་དང་བརྗེ་བར་བྱེད།
   མཛེས་མཚར་མིག་རྒྱན་ལས། སི་རཀ་ནི་མདོག་སེར་ལ་དྭངས་འོད་ཅན་མེར་བཅུག་ཀྱང་མི་ཉམས་པ།

གོང་ངོས། ཡིག་ཆ་མི་འདུག
X