>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཤང་ཀ་ཤི་ལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 15:30:17 ཀློག་གྲངས། 8

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཤང་ཀ་ཤི་ལས་གདོན་ཀུན་སྲུང་བར་བྱེད།། ཅེས་པ་རྒྱུ་མེ་ཤེལ་དཀར་པོ་ལ་དབྱིབས་རིན་པོ་ཆེ་དུང་གི་རྣམ་པ་ལྟར་རབ་ཏུ་དཀར་པ་ཞིག་ཡོད་པར་འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་པར་པཎྜཾ་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས་གསུངས་སོ།།
   མཛེས་མཚར་མིག་རྒྱན་ལས། ཤང་ངྐ་ཤི་ལ་ནི། རབ་ཏུ་དཀར་པོ་དུང་འདྲ་ལ་ཤེལ་གྱི་རང་བཞིན་ཅན་དུ། པཎྜཾ་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས། འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་བར་གསུངས།

གོང་ངོས། ཤེལ།
X