བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཙུ་ཏས་གྲིབ་གདོན་རྨི་ལྟས་ངན་པ་བཟློག། ཅེས་པས། ཙུ་ར་མ་ཎི་འམ། ཙུ་ཏ་མ་ཎི་ཞེས་ཁ་དོག་སེར་པོ་ཕྱོགས་གང་ནས་བལྟས་ཀྱང་མིག་གི་རི་མོ་ལྟ་བུ་ཡོད་པ། མེས་མི་འཇིག་པ་ལ་གཞན་དང་འདྲ་བའི་འོད་ཟེར་མི་འབྱུང་བ་ཞིག་ཡོད་པ། ཡུལ་མུ་ཙེ་ར་ཏ་ལ་སོགས་པའི་ཚོང་འདུས་རྣམས་སུ་འབྱུང་ལ། རིན་ཚད་དངུལ་ཞོ་རེ་ལ་རྡོག་པོ་བཅུ་རེ།