>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

བྷཻ་རོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 10:38:05 ཀློག་གྲངས། 10

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བྷཻ་རོས་གདོན་རིགས་ཀུན་སྲུང་གཟེར་བ་འཇོམས།། ཞེས་པས། བྷཻ་རོ་དྷ་ལ་སྟེ། བྷཻ་རོ་དྷ་ལ་དང་། སིང་ག་ལི་གཉིས་ཏེ། སྔ་མ་ནི་མདོག་སེར་པོ་མཐེ་བོང་གཉིས་བསྡོམས་པ་ཙམ་ལ་འོད་ཟེར་བཞི་ཙམ་འཕྲོ་བ་འབྱུང་། སིང་ག་ལི་ནི་གཡུ་སྦྲང་གི་མདོག་ལྟ་བུ་འོད་ལས་ཟེར་མི་འཕྲོ་བའོ།། ཆེ་ཚད་སྲན་མ་ཙམ་ཡོད་ལ། སྔ་མ་ནི་སིང་ག་ལ་ཁོ་ན་ནས་འབྱུང་ལ། ཕྱི་མ་འདི་ཙོ་རཻ་མཎྡྲི་ལི་ནས་བྱུང་། རིན་ཚད་སྔ་མ་ལ་གསེར་དོ་སྐོར་དང་། ཕྱི་མ་ལ་ནི་གསེར་ཞོ་རེ་ལ་བརྒྱ་ཕྲེང་གསུམ་རེ་བྱེད་པ་ཡིན།

གོང་ངོས། བཻ་ཌཱུརྱ།
X