>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ནལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 9:43:19 ཀློག་གྲངས། 15

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ནལ་གྱིས་དུག་ཚད་སྦྱར་དུག་མཆིན་ནད་སེལ།། ཞེས་པ། རིན་ཆེན་རྙིང་མ་ཁ་དོག་པདྨ་རཱ་ག་འདྲ་བ་ལ་དེ་ལས་སྨུག་ཤས་ཆེ་བས་མཆིན་པའི་མདོག་ཅན་ཏེ། ཀོ་རཉྫའི་མདོག་ལྟ་བུ་སྟེ། དེ་ལས་དངས་ཤས་ཆེ་བ་རྒུན་འབྲུམ་གྱི་ཁུ་བ་ལྟར་དམར་ལ་སྨུག་ཅིང་དངས་པ་དུང་གི་སྟེང་དུ་བཞག་ན་དུང་ལ་མེའི་མདངས་འོད་སྦྱིན་པ། དབྱིབས་མ་ངེས་ཀྱང་ཤས་ཆེ་གྲུ་བཞི་ལེབ་མོ་གྲུ་མིག་ཅན་འབྱུང་། ཆེ་ཆུང་ནས་འབྲུ་ནས་མཐེ་བོང་ཙམ་པར་ངེས་མེད་འབྱུང་། དེ་ཡང་རིགས་གཉིས་ཏེ། དམར་ལ་དངས་པས་མཆིན་ཁྲག་འཇོམས།། སྨུག་ལ་ནོག་པས་དུག་རྙོག་སེལ།། ཞེས་གསུངས་སོ།།
   སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལས། ནལ་ཞེས་པདྨ་རཱ་ག་དང་ཆ་འདྲ་ཡང་མདོག་མི་གསལ་བ། ཤེལ་ཉི་འོད་ལ་བསྟན་པས། འཇའ་ཚོན་འཕྲོ་བ།
འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོ་བུམ་བཟང་ལས། ནལ་ནི་དམར་ལ་དྭངས་ཤས་དང་སྨུག་ལ་ཉོག་ཤས་རིགས་གཉིས།
   མཛེས་མཚར་མིག་རྒྱན་ལས། བཱ་ནལ་ནི། དམར་སྨུག་དྭངས་ཤས་ཆེ་བ་མཆིན་པའམ་རྒུན་འབྲུམ་གྱི་ཁུ་བ་ལྟར་རོ།།

གོང་ངོས། ཡིག་ཆ་མི་འདུག
X