>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

རྡོ་བ་ཆར་འབེབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 9:38:29 ཀློག་གྲངས། 10

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་བ་ཆར་འབེབས་སོ་སོར་ནད་བྱུང་སེལ།། ཞེས་པ། ཉ་སོགས་སྲོག་ཆགས་མ་ངེས་པའི་ཀླད་པའི་ནང་དུ་ཀླད་པའི་སྙིང་པོ་རྡོའི་རིལ་བུར་འདྲིལ་བ་དབྱིབས་དང་ཚད་མ་ངེས་པ་འབྱུང་། དེ་མ་ཉམས་པ་ཆུ་མིག་ཏུ་བཅུག་པས་ནམ་དགོས་ཆར་འབེབས་པར་བཤད་ལ། ཆར་འབེབས་པར་ཆུ་གནས་སྲོག་ཆགས་ལས་བྱུང་བ་བཟང་ཞེས་དང་། དེ་སེམས་ཅན་གྱི་ལུས་གནས་ཕྱི་ནང་མ་ངེས་པར་འབྱུང་བས་གར་བྱུང་སོ་སོའི་ནད་ལ་ཕན། ཞེས་པའོ།།

X