>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཏོོ་ར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 10:42:08 ཀློག་གྲངས། 12

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཏོོ་རས་རིམས་དང་མིག་གི་ནད་ལ་ཕན།། ཞེས་པ་ནི། ཏཽ་ར་མ་ལི་ཞེས་བྱ་བའི་རིན་པོ་ཆེ་འདི་ལ་རིགས་གསུམ་སྟེ། ཏཽ་ར་མ་ལི་དང་། ཤཀྐ་ཏཽ་ར་མ་ལི། ཀ་ན་ཀ་ཏཽ་ར་མ་ལིའོ།། ཏཽ་ར་མ་ལི་ནི། ཁ་དོག་ལྗང་གུ་འོད་སོར་དོའི་ཚད་ཙམ་པ་འབྱུང་ལ་ཆེ་ཚད་མཐེ་བོང་ཙམ་པ་ཡོང་། དེ་ནི་སིང་ག་ལ་དང་། ཛ་བ་དི་བ་ལ་སོགས་པ་རྣམས་ནས་འབྱུང་། ཤཀྐ་ཏཽ་ར་མ་ལི་ནི། མདོག་ནག་པོ་མིག་གི་འབྲས་བུ་ལྟ་བུ་འོད་ཤིན་ཏུ་དངས་པ་སོར་གསུམ་གྱི་ཚད་དུ་འབྱུང་བ།ཆེ་ཚད་མཐེ་བོང་ཉིས་འགྱུར་ཙམ་ཡོང་། འབྱུང་ཁུངས་སྔ་མ་དང་འདྲ། རིན་ཐང་དངུལ་བུན་གྱི་ཚད་བྱེད་དོ།། ཀ་ན་ཀ་ཏཽ་ར་མ་ལི་ནི།གསེར་འོད་ཅན་ཏེ། དབྱིབས་ཚད་སྔ་མ་དང་མཐུན་པ་རིན་ཐང་དངུལ་དང་བརྗེ་བའོ།།

གོང་ངོས། ཡིག་ཆ་མི་འདུག
X