>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཆུ་ཤེལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 10:30:33 ཀློག་གྲངས། 25

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཆུ་ཤེལ་ཀླུ་གདོན་ཚད་པ་ཞི་བར་བྱེད།། ཅེས་པ། ཙནྡྲ་ཀནྟི་ཞེས་བྱ་བའི་རིན་པོ་ཆེ་སྟེ། མདོག་དཀར་ལ་སྔོ་བའི་ཆ་ཤས་ཅུང་ཟད་ཡོད་པ། ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་ཟླ་འོད་ལ་མཚན་མོ་བསྟན་པ་ཙམ་གྱིས་མོད་ལ་ཆུ་ཤིན་ཏུ་གྲང་མོ་འབྱུང་ཞིང་། རྒྱུ་ནི་སའི་ཤེལ་རིགས་སུ་གཏོགས་པས་ཀསྨི་ར་དང་། མ་ལ་ཡའི་ཡུལ་ནས་འབྱུང་བ་ཤས་ཆེ་ལ་རིན་ཚད་ནི་སྔ་མ་དང་འདྲ། འདི་ལུས་ལ་ཡོད་པས་རྒྱ་གར་ནག་གི་རོང་ཚད་ནད་ཀྱིས་མི་ཚུགས། རྒྱ་ནག་གི་བཟོ་མ་ཞིག་ཀྱང་འབྱུང་བ་ཚབ་རུང་ཙམ།
        མཛེས་མཚར་མིག་རྒྱན་ལས། ཆུ་ཤེལ་ནི། རྒྱ་སྐད་དུ་ཙནྡྲ་ཀནྟི་ཟེར། མ་ལ་ཝ་དང་ཀ་སྨི་རའི་ཡུལ་ནས་འབྱུང་། རང་བྱུང་བའི་དཀར་ལ་ཅུང་ཟད་སྔོའི་ཆ་ཤས་ཅན་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་ཟླ་འོད་ལ་མཚན་མོ་བསྟན་པ་ཙམ་གྱི་མོད་ལ་ཆུ་ཤིན་ཏུ་གྲང་མོ་འབྱུང་ཞིང་དེས་མིག་ལ་ཕན་པ་དང་། ཤེལ་དེ་ལུས་ལ་ཡོད་པས་རྒྱ་གར་ནག་གི་རོང་ཚད་ནད་ཀྱིས་མི་ཚུགས།
        སྨན་མིང་རྒྱ་མཚོ་ལས། ཆུ་ཤེལ་ཚད་པ་ཞི་བར་བྱེད།།
        སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཆུ་ཤེལ་ལ་ཙནྡྲ་ཀནྟི།

གོང་ངོས། ཆུ་ཆུང་ནཱི་ལ།
X