>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཆུ་ཡི་སྙིང་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 10:17:55 ཀློག་གྲངས། 22

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཆུ་ཡི་སྙིང་པོས་གནམ་ལྕགས་ཐོག་སྲུང་བྱེད།། ཅེས་པ། པི་ཙུ་ལ་ར་མ་ཎི་ཞེས་བྱ་བ་སྟེ། ཁ་དོག་ལ་སོགས་ཙུ་ར་མ་ཎི་ཇི་ལྟ་བ་ལས་ཁྱད་པར་ཉི་མར་ལག་མཐིལ་དུ་བཞག་ན་ཆུ་འབྱུང་ཞིང་། ཁར་བཅུག་ན་ཆུ་འཐུང་བ་ལྟ་བུའི་ཉམས་སྣང་འབྱུང་བ་ཞིག་ཡོད། འདི་ནི་ཐོག་འབབ་པའི་སར། ཐོག་ལྕགས་ཀྱི་སྣོད་ཆུས་བཀང་ལ།དེའི་ནང་དུ་འཁར་གཞོང་བཞག་པས་དེར་ཐོག་འཕངས་པ་དང་མཉམ་དུ་ནོར་བུ་འཁར་གཞོང་དུ་འབབ་པས་འཁར་གཞོང་བཤིག་སྟེ། ཐོག་སྣོད་ཀྱི་ཆུ་ནང་དུ་འདུག་པ་ཡིན་ཏེ་བསོད་ནམས་དང་ལྡན་པ་རྣམས་ཀྱི་ལག་ཏུ་འབྱུང་ལ། རིན་ཚད་ནི་གསེར་ཞོ་བརྒྱ།

གོང་ངོས། ཆུ་སྙིང་།
X