>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཅེ་སྤྱང་རྭ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 9:59:18 ཀློག་གྲངས། 14

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཅེ་སྤྱང་རྭ་ཡིས་ཕྱུགས་ནོར་ནད་རྣམས་སྲུང་།། ཞེས་པ་རྒྱ་གར་དུ་ཅེ་སྤྱང་ཞེས་པའི་གཅན་གཟན་ཡོད་པ་དེ་ཅེ་སྤྱང་ནས་ཅེ་སྤྱང་དུ་གཞན་གྱིས་བར་མ་ཆོད་པའི་སྐྱེ་བ་ལྔ་པ་ལ་རྭ་སྐྱེ་བ་དེ་ནོར་བུ་ཡིན་པར་རིན་པོ་ཆེའི་བསྟན་བཅོས་དག་ཏུ་བཤད་པ་དེའོ།།

གོང་ངོས། ཡིག་ཆ་མི་འདུག
X