>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ག་ཛ་དནྟ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 14:11:59 ཀློག་གྲངས། 24

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ག་ཛ་དནྟས་གདོན་དང་རིམས་ནད་སྲུང་།། ཞེས་པའི་ག་ཛ་དནྟ་ནི། གླང་པོའི་སོ་སྟེ། བ་ལང་གི་སོ་ཡང་ཟེར་ཏེ། གླང་ཆེན་གྱི་ཡས་ཀྱི་ཁ་ལ་མཆེ་བ་ཕྱི་ལ་ཡར་གྱེན་དུ་ཕྱུར་བ། ཐལ་ཀར་ཞེས་པ་རབ་ལ་གཡས་གསུམ་གཡོན་གསུམ་སྟེ་དྲུག་དང་། འབྲིང་ལ་བཞི། ཐ་མར་གཉིས་རེ་འབྱུང་བའི་རབ་ཀྱི་མཆེ་བ་ནོར་བུ་ཡིན་པར་བཤད་ལ། ཆེ་བར་མི་ཆ་ལག་རིང་བའི་འདོམ་གང་ལྷག་ཙམ་ནས་འདོམ་ཕྱེད་ཡན་ཅི་རིགས་ལ་ཕྲ་སྦོམ་སྡོང་ཕྲན་ཙམ་སོགས་འབྱུང་། ཤིན་ཏུ་ལྕི་ལ་ནང་སྦུབས་ཅན་ཏེ་ནོར་འཕྲང་མེད་རུང་། དུམ་བུ་ཆུང་ངུ་ནི། མ་ཧེའི་རུས་པ་དང་ནོར་བའི་མཁོ་ཆས་ཆུང་ངུ་འཆོས་པ་ཡོད་པས། རུས་པ་གཞན་ལས་འབོལ་ལ་ཁམ་ཞད་ཡོད་པ། འོད་རུས་པ་ལས་ཆུང་བ་གས་ཞིབ་ཆུང་ངུ་འབྱུང་བའོ།། ཁྱད་པར་བརྟག་པ་ནི། གང་ཡིན་པ་དེའི་སྒང་དུ་མཆིལ་མ་ཐིགས་པ་ནས་ཕྱེད་ཙམ་ཞིག་བླུག་པའི་སྟེང་དུ་རྩྭ་འཇག་སྐྱའི་ཚལ་པ་ཁབ་ཙམ། སྣ་ནས་འབྲུ་ཕྱེད་གཉིས་ཙམ་ཡོད་པ་ཞིག་འཕྲེད་ལ་བཞག་པས། འཕྲེད་ལ་མི་སྡོད་པར་རུས་པའི་སྣ་རྒྱུད་དུ་འཁོར་ན་ངེས་པ།

གོང་ངོས། ཡིག་ཆ་མི་འདུག
X