>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

འཁྲོ་ནག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 10:57:01 ཀློག་གྲངས། 29

 བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འཁྲོ་ནག་གདོན་གཟེར་སྲིན་དང་དུག་ནད་འཇོམས།། ཞེས་པ། རྡོ་བཞུས་པ་ལས་བྱུང་བའི་འཁྲོ་ལྕགས་རྒྱ་ནག་པས་བཞུ་བླུགས་བྱས་པའི་སྣོད་རིགས་འབྱུང་བ་བརྡུང་དུ་མེད་པ་འདི་དར་ཆེ་བས། ཤེས་སླ་བ་འདིས་གདོན་གཟེར་དང་འབུ་སྲིན་ལས་སྦྱར་བའི་དུག་ལ་ཕན་པར་བཤད་པ།
       མཛེས་མཚར་མིག་རྒྱན་ལས། ཁྲོ་ནག་ནི། རྡོ་བཞུས་པ་ལས་འབྱུང་བའི་ལྕགས་ཏེ་རྒྱ་ནག་ཏུ་བཞུ་བླུགས་བྱས་པས་སྣོད་སླང་རྨོས་ལྕགས་སོགས་བཟོ་བ་ཡིན།

གོང་ངོས། ཁྲ་མེན།
X