>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

འཁར་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 9:54:54 ཀློག་གྲངས། 32

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འཁར་བ་ར་གན་གཡའ་ཡིས་མིག་ནད་སེལ།། ཞེས་པའི་འཁར་བ་ལ་དཀར་དམར་གཉིས་ཡོང་བའི་རྒྱུ་ཁམས་ཚ་བ་སོགས་ནས་འབྱུང་བའི་གཤའ་དཀར་དང་འཇུས་ནས་འབྱུང་བའི་གཤའ་ནག་ལ་ཟངས་བདུན་སྐོར་བསྲེས་པས་གཤའ་དཀར་ནག་སོ་སོར་འབྱུང་ལ། ལར་གཤའ་རིགས་ཀྱི་རྒྱུ་དང་དེ་བཞིན་ཟངས་སྐོར་ཐང་ཁ་ཚར་ཏི་ཚ་གསེར་དངུལ་ལ་སོགས་བསྲེ་ཚོད་ཀྱི་དབྱེ་བས་ལི་འཁར་དང་། ལི་ལ་དཀར་སེར་དམར་གསུམ། དེ་ལ་ཡང་མདོག་ལི་སྐད་ལི་གཉིས། སྐད་ལི་ལ་དཀར་སེར་གཉིས། འཁར་བ་དཀར་སེར་དམར་ནག་བཞི་སོགས་ཀྱི་ལག་ལེན་སྐོར་ཐང་བདག་གིས་བྱས་པ་ལོགས་སུ་གསལ། དེའི་འཁར་དཀར་འདུལ་མ་སྨན་དང་སྦྱར་ནས་མིག་ལ་བྱུགས་པ་དང་། འཁར་དམར་གཡའ་སག་ཏུ་སློང་ནས་རྔོ་ཤུ་ལ་བྱུགས་པས་ཕན་པ་མྱོང་གྲུབ།
     
མཛེས་མཚར་མིག་རྒྱན་ལས། འཁར་བ་ནི། ཁམས་ཀྱི་གཤའ་དཀར་དང་འཇུས་གཤའ་ནག་ལ་ཟངས་བདུན་སྐོར་བསྲེས་པས་འཁར་བ་དཀར་དམར་འགྱུར་བས་མེ་ལོང་དང་འཁར་རྔ་བྱས་པ་ཡིན

གོང་ངོས། ཡིག་ཆ་མི་འདུག
X