>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

དཔའ་རྒོད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:10:20 ཀློག་གྲངས། 17

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཔའ་རྒོད་དུག་ཚད་སེལ།ཞེས་དཔའ་རྒོད་ནི།མིང་ནར་མ་ནུར་མ་ཡང་ཟེར། ཕྱོགས་དཔའ་བོ་དཀར་པོ་འདྲ་ལ་ཁོང་སྤུ་མེད་ཅིང་གླང་ཆེན་ཆིག་ཐུབ་ལྟ་བུའི་རྩ་བ་ཆེ་བ་དང་ཕྱིའི་ཤུན་དྲེག་པ་སོགས་མཚུངས་ཀྱང་དེ་ལས་སྐྱ་ལ་གསོབ་པ་ཡིན། སྟོད་ནས་ཡོང་བ་རྡོག་པོ་ཆུང་བ་ཕྲེང་བ་ལྟར་བརྒྱུས་ནས་ཡོང་བ།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དཔའ་རྒོད་ནི། དཔའ་བོ་དཀར་པོ་དང་འདྲ་ལ་རྡོག་པོ་འཕྲེང་བ་ལྟར་འབྲེལ་ཞིང་ནར་མ་ནུར་མར་ཡང་འབོད་པ་སྟེ། དེ་གསུམ་གྱིས་ཀྱང་དུག་ཚད་སེལ་ལ། སེར་པོ་ནི་རྟ་དྲེལ་ནད་ལའང་ཕན།
   མཛེས་མཚར་མིག་རྒྱན་ལས། དཔའ་རྒོད་ནི། བལ་པོས་ཛུ་ལང་ས་ཀི་ཟེར། བལ་པོར་མང་པོ་ཡོད་ལ། ཕྱོགས་དཔའ་བོ་དཀར་པོ་འདྲ་ལ། ཁོང་སྤུ་མེད་ཅིང་གླང་ཆེན་ཆིག་ཐུབ་ལྟ་བུའི་རྩ་བ་ཆེན་པོ་དང་ཕྱིའི་ཤུན་དྲེག་པ་སོགས་མཚུངས་ཀྱང་དེ་ལས་སྐྱ་ལ་གསོབ་པ་ཡིན་ནོ།། སྟོད་ནས་རྡོག་པོ་ཆུང་བ་ཕྲེང་བ་ལྟར་བརྒྱུས་ནས་ཡོང་བ། སུ་མི་དཀར་པོ་ཟེར་བ་དེའོ།། དེས་དུག་ཚད་སེལ།

X