//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > མེ་བཙའི་གསོ་ཐབས། > རྒྱབ་ཀྱི་མེ་དམིགས། > ནང་དོན།

རླུང་གི་གསང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-25 9:05:56 ཀློག་གྲངས། 64 

གསང་གཞལ་ཚུལ། ཨན་སྟོང་ཚིག་པ་དང་པོ་སྟེ་མགོ་བོ་སྒུར་བའི་ཚེ་མཇིང་པར་རུས་པ་འབུར་བོ་ཞིག་མངོན་པར་འབྱུང་བ་དེ་ཡིན། རྒྱབ་གསང་ཉི་ཤུ་འདི་ལ་ཟུར་ལུགས་རུས་པ་འབུར་བོའི་སྒང་དང་།  བྱང་ལུགས་མས་ཀྱི་ཉག་གང་ལ་མེ་བཏབ་ཀྱང་ཕན་ནུས་མཚུངས་པ་ཡིན།

ཕན་ཡོན།  སྨྱོ་བ་དང་སེམས་འཕྱོ་བ།  ལུས་འདར་བ།  རླུང་གིས་ངག་ལྐུགས་པ།  ནུབ་མོ་གཉིད་མི་འོང་བ།  ཉིན་པར་གཉིད་ཆེ་བ་རྣ་བ་འོན་པ་ལྕེ་སྐྱ་བ་སྐེ་འགྱུར་མི་ཤེས་པ་སོགས་རླུང་གི་ནད་ལ་ཕན།  གོང་དུ།  ཚིགས་པ་དང་པོ་རླུང་གི་གསང་།།  རྒྱལ་བོ་ཡིན་པས་བསྲེག་ཏུ་འཕངས།།  ཕན་ནི་ནད་རྣམས་ཀུན་ལ་ཕན།།  ཞེས་གསུངས་པ་གསང་འདིར་བཤད་པ་ཡིན།

X