//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

སྦུབ་ཐུར་སྦལ་མགོ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-24 9:44:06 ཀློག་གྲངས། 18 

མིང་གཞན། སྦུབ་ཐུར་སྦལ་མགོ

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་ལྡན།

ཆ་བྱད་ཀྱི་རིགས། སྦུབས་ཅན་གྱི་ཐུར་མ།

དབྱིབས་ཚད། སྲིད་དུ་སོར་དྲུག་དང་རང་རང་མགོ་དབྱིབས་ཀྱི་འོག་ཏུ་ལུས་ཤོང་བའམ་སྐེ་ཕྲ་བར་བྱས་པ་དེ་ལས་རིམ་བཞིན་ཇེ་སྦོམ་དུ་གྱུར་བའི་མཐར་ཐུག་ཞབས་ཆེ་ཞིང་ལྕེ་ལྡིག་པའི་ཚུལ་དུ་བྱས་པ་ནི་ཐུན་མོང་གི་ཆར་གྱུར་ཅིང་། འདིའི་ངོ་བོ་སྦུབས་ཅན་སྦོམ་ཕྲ་ནས་སོག་ཙམ་ལ་ནང་གསང་ཞིང་མཁྲང་བ་རྩེ་མོ་སྦལ་བའི་མགོ་དང་འདྲ་བའི་ལྐོག་མའི་ཐད་དུ་གློ་དཀར་རམ་བུག་པ་ཡོད། འདི་ལ་སྐྱེམ་པས་གློ་གཡས་གཡོན་གང་རུང་དུ་དཀར་ཁུང་ལྟ་བུའི་བུག་པ་ཡོད་པ་ཞེས་གསུངས།

སྤྱོད་སྒོ། རླངས་འཁྱིམས་གསང་ཞིང་སྙིང་ཆུ་མཆིན་ཆུ་བཅས་གཙག་པ་ལ་སྦྱར།

ཕན་ནུས། སྙིང་དང་མཆིན་པར་ཆུ་སེར་ཞུགས་པ་དང་རླངས་པ་འཁྱིམས་པ་རྣམས་ཕྱིར་འདོན་པར་བྱེད།

བཀོལ་སྟངས། དཔྱད་ལྔའི་ལོག་གནོན་ཐུར་མའི་ལེའུ་ལས། སྤྱིར་ནི་གཡས་པས་ཕུན་གང་མཚམས་ནས་བཟུང་།། གཡོན་པའི་གུང་མོས་གསང་དམིགས་གསལ་མཚོན་ཏེ།། དེ་རྗེས་ཐུར་རྐེད་ནས་བཟུང་དྲང་པོར་དབུལ།། ལྤགས་ཕུགས་ཕུན་རེ་སྣུད་ཀྱིན་དལ་བུ་ཡིས།། ཤ་རུས་ནང་རྡོལ་དོན་གྱི་ལག་ཚོད་མྱང་།། ཡིད་དང་མཐེབ་ཚོད་ཕྱི་རྟགས་བསྟུན་ལ་འཕང་།། ལག་ཚོད་ཐུར་འཛིན་འུག་པ་ཐུག་ཕྲད་ཡིན།། ཕོ་རོག་གཅེར་མཐོང་ཐུར་ཚོད་བརྟགས་ལ་བཟུང་།། ཡང་ན་དང་པོ་ལྤགས་ལ་ཀོ་མཐེན་བྱ།། ཞེས་པ་དང་། ཡང་དེ་ལས་སྤྱི་ཡི་ལག་ཚོད་ལྤགས་ལ་སྲ་བ་སྟེ།། ཤ་ལ་སྙི་སྟེ་བྱོལ་གྱིས་འགྲོ་བ་ཡིན།། རུས་ལ་ཐུག་ན་སྟུགས་ཀྱིས་བརྡུགས་པར་འགྱུར།། དེ་ལ་རྩིབས་མའི་གོ་བར་བཙལ་ཏེ་དབུལ།། ནང་དུ་རྡོལ་ནས་ཐུར་རྩེ་བྱོལ་གྱིས་འགྲོ།། ཡིད་ལ་ཐུར་མ་རྟེན་གྱིས་བརྡུགས་སྙམ་བྱེད།། ནད་པ་བཞིན་ལྡོག་སྐད་ངན་འཆོར་བ་གསུམ།། ཐུར་མ་ཚད་དུ་སླེབས་པའི་མན་ངག་ཡིན།། མི་བརྡུགས་བྱོལ་བྱོལ་འགྲོ་ན་བཏང་བས་ཆོག ། དོག་ཅིང་འཐེན་ཡང་བསྲན་བཟོད་ཟོ་བླངས་བཏང་།། བསྲན་མི་བཟོད་ན་དེ་ལས་དབུལ་ཐབས་མེད།། ཅེས་གསུངས་པ་བཞིན།

X