//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་གའི་ཆ་བྱད། > ནང་དོན།

རྩེ་སྒུར་ཚེས་གཉིས་ཟླ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 15:05:20 ཀློག་གྲངས། 40 

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་དང་ལྡན་པ།

ཆ་བྱད་ཀྱི་སྡེ། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་ཆ་བྱད་ཀྱི་སྡེ།

དབྱིབས་ཚད། སྤྱིར་བཏང་ལྟག་ཉལ་དང་ཅུང་ཟད་འདྲ་ཞིང་རྩེ་སྒུར་ཞེས་ལྟག་པ་ཚེ་ལྔ་དྲུག་གི་ཟླ་བའི་དབྱིབས་བཞིན་ཕྱིར་འཁྱིལ་བ་ལྟར་ཡོད་ཅིང་རྩེ་མོ་རྣོ་བ་ཡར་ངོས་ཚེས་གཉིས་ཀྱི་ཟླ་བར་དཔེ་བླངས་པ་སྟེ་འདིའང་སྲིད་ཀྱི་རིང་ཐུང་ལ་སོར་དྲུག་བྱ།

སྤྱོད་སྒོ། མགོ་སྐེའི་གཏར་རྩ་ཉེར་གཅིག་གི་ནང་གསེས་རྩེ་ཆུང་སོགས་གཏར་བ་ལ་སྦྱར་བར་བྱ་ཞིང་གཞན་སོ་རྩ་དང་ལྕེ་རྩ། རྐན་རྩ། མིག་རྩ་ལ་སོགས་གཏར་བ་ལ་ཡང་སྦྱོར་བ་ཡིན།

ཕན་ནུས། རྩེ་ཆུང་གི་གཏར་དམིགས་ཡངས་པའི་སར་བསྟན་པས་འདི་འདྲ་བཀོལ་བ་ལ་གཙགས་བུའི་འདེབས་ཚུལ་ལས་གློ་ཕུག་དང་ཉིས་ལེན་སོགས་སུ་གཏར་དགོས་པ་རྣམས་ལ་འདི་བཏབ་ན་འདེབས་བདེ་གཏར་ལེགས་པའི་དགེ་མཚན་ལྡན་ཞིང་ནད་གཞིའི་དབང་དུ་བྱས་ན་རྩེ་ཆུང་འདི་མགོ་དང་དོན་སྣོད་སྤྱིའི་ལྡེ་མིག་དང་སྟོད་ཀྱི་སྒོ་གཉིས་ཞེས་སོགས་བཤད་པས། གློ་ལུ་བ་དང་ཀླད་སྲིན་གྱི་ནད། རྨ་འགྲམས་སོགས་ཀྱིས་བྱང་ཁོག་ལ་ཁྲག་བབས་པ་དང་། མཚོན་གྱིས་དོན་ལ་ཟིན་པ། ཚ་བ་རྒྱས་འཁྲུགས་གློ་བར་འགྲམས་པ། སོ་ལ་ཁྲག་ཚད་རྒྱས་པ། སྐྲངས་པ་སྤྱི་དང་འབྲས་ཀྱི་ནད་ཡིན་ནོ་ཅོག གཞན་ཡང་གློ་བ་དང་སྙིང་མཆིན་པ་བཅས་ལ་ཁྲག་རྒྱས་ཏེ་སྐྱུག་པ། མགོ་ཆག་ཚ་བ་སྐྱེས་པ། ཁྲག་གི་སྟབས་ཀྱིས་ལུས་སྦྲིད་པ། དྲན་མེད་དུ་བརྒྱལ་བ་བཅས་ལ་ཕན་པ་ཡིན།

བཀོལ་སྟངས། འདི་རང་འཕར་རྩ་དང་འགྲོགས་ཡོད་པས་ལེགས་པར་བརྟག་པ་དང་གཙགས་བུ་འདེབས་དུས་ཤིན་ཏུ་གཟབ་ནན་སྒོས་སྔོན་ལ་རྩ་སྟེང་གི་པགས་པ་དབྲལ་ནས་དེའི་རྗེས་སུ་རྩ་ལ་འདེབས་ཚུལ་ལྔ་ཡི་ནང་གསེས་ཉིས་ལེན་ལྟར་གདབ་དགོས་པ་དང་སྐབས་རེར་གློ་ཕུགརྩའི་ལོག་ནས་གཡས་གཡོན་གང་རིགས་འཕྲེད་དུ་ཕུག་པབྱ་བའང་ཅུང་མང་།

X