//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་གའི་ཆ་བྱད། > ནང་དོན།

གཙགས་འདྲ་བྲང་བ་ཅན་ཆེ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 11:18:49 ཀློག་གྲངས། 30 

མིང་གཞན། གྲས་གཙགས། མགོ་རྨ་འདྲལ་བའི་གཙགས་འདྲ་བྲང་བ་ཅན་ཆེ་བ།

ཆ་བྱད་ཀྱི་སྡེ། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་ཆ་བྱད་ཀྱི་སྡེ།

དབྱིབས་ཚད། དཀྱིལ་ཞེང་ཅུང་ཆེ་བ་སྒང་ནས་ཡོད་ལ་མཇུག་ཏུ་རྩེ་གཉིས་རིམ་བཞིན་ཕྲ་བར་གྱུར་ཅིང་རྩེ་མོའི་ཕྱོགས་རྣོ་ལ་དབལ་དང་ལྡན་པ་སྲིད་སོར་དྲུག་གི་ཚད་ཙམ།

སྤྱོད་སྒོ། འདི་ཡང་གོང་གི་བྲང་བ་ཅན་དང་འདྲ་བར་རྨ་ཁའི་ཤ་པགས་སྐྱོན་ཡོད་མེད་ཀྱི་མཚམས་ནས་འདྲ་བ་ལ་སྦྱར་བར་བྱ།

ཕན་ནུས། གོང་དང་འདྲ་བར་རྨ་སླར་གསོ་བའི་ལས་རྣམས་ལ་འབྲས་བུ་འབྱིན་པའི་རྐྱེན་བཟང་བོར་འགྱུར་ནུས།

བཀོལ་སྟངས། གོང་དང་འདྲ་བར་དྲ་ཞིང་གནད་བྱོལ་བའི་ཕྱིར་དུ་བོང་མཆུ་དང་བཞི་ཤོ་གར་འོས་པ་དེ་ལྟར་དྲ་བར་བྱ།

X