//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > གཏར་གའི་གསོ་ཐབས། > གཏར་གའི་ཆ་བྱད། > ནང་དོན།

གཙགས་བུ་གག་པའི་ལྕེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 11:11:15 ཀློག་གྲངས། 32 

མིང་གཞན། ལྕེ་སྐྲང་གཤགས་པའི་ཟོར་དབྱིབས།

ཆ་བྱད་ཀྱི་རྒྱུ། ལྕགས་བཟང་ངར་དང་ལྡན་པ།

ཆ་བྱད་ཀྱི་སྡེ། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་ཆ་བྱད་ཀྱི་སྡེ།

དབྱིབས་ཚད། རྐང་ཟླུམ་པོ་རིང་ཐུང་ལ་སོར་བརྒྱད་ཡོད་པའི་རྩེའམ་མགོ་བོ་ཟོར་བའི་དབྱིབས་ཅན། ལྟག་པར་ཡང་ནས་གང་གི་ཚད་ཙམ་གྱི་ཁ་རྣོ་བར་ཡོད།

སྤྱོད་སྒོ། ལྕེ་སྐྲངས་རྣག་ཏུ་སྨིན་པ་གཤགས་པ་ལ་སྦྱར་བར་བྱ།

ཕན་ནུས། འདི་ཡིས་གཤགས་པ་དང་དེའི་ཤུལ་དུ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ་པ་བཅས་མཉམ་དུ་སྦྲེལ་བས་ཁ་ཁེངས་ཆུ་འཛགས་ཟས་མི་ཐར་ལ་སོགས་པའི་རྟགས་རྣམས་འཇོམས་པར་བྱེད།

བཀོལ་སྟངས། ཐོག་མར་ལྐོག་མའི་གནས་སུ་སྤྱང་ལྕེ་སྦལ་བའི་ཤ་ཁུ་ལ་སོགས་པས་དུགས་བྱས་ནས་རྣག་ཏུ་སྨིན་པར་བྱས་རྗེས་འདིའི་རྩེ་མོ་རྣོན་པོའི་ཆས་གཤགས་པ་ཡིན། ལྕེ་ཆུང་བཅད་པའི་དམར་ཁྲིད་དུ། ལྕགས་ཀྱུ་མཐོ་གང་བ་ཁམ་སྦོམ་པོ་མཐོ་གང་ཙམ་ཤིང་གི་ཡུ་བ་ཡོད་པ། རྩེ་མོ་ཁབ་རྩེ་ཙམ་ལ་བཀུག་པ་གཅིག་གིས་ལྕེ་ཆུང་གི་རྩེ་མོ་ནང་ངོས་ནས་ཕྱིར་ཕུག་ལ། དེ་ནས་ཐུར་དུ་འཐེན་ལ་ཆ་བྱད་ཟོར་བ་ལྟ་བུ་ཅིག་གིས་བྲེག   ཡང་ན་ཆེན་པོས་བཅད་དོ།། དེ་གཉིས་ཀ་མེད་ན་གཙགས་བུ་ལ་ཡུ་བ་བཙུགས་ལ་བཅད། ཁྲག་འོང་ཚད་འོང་དུ་གཞུག་གོ། དེ་ནས་ཏེལ་བ་བསྲེགས་ཤིང་འོད་ཁང་དུ་བཅུག་ལ། གཅད་འཕྲོ་བསྲེགས་ལ་རྒྱས་གདབ།  ཞེས་གསུངས་ཤིང་རྒྱུད་དུ། ལྕེ་ལྷག་ཕྱེད་བཅད་ལྕགས་བསྲེགས་ཐལ་སྨན་གདབ།། ལྕེ་སྐྲངས་སྤྱང་ལྕེ་སྦལ་བའི་ཤ་ཁུས་བདུག། མ་ཕན་ལྐོག་མར་དུགས་བྱ་སྨིན་ནས་དབྲལ།། དེ་ཤུལ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ།། དེ་འོག་དྲོད་བཅུད་བསྟེན་པས་རྨེན་མི་ལྡང་།། ཞེས་གསུངས་པ་ལྟར་བཅད་པའི་དུས་དང་ཚད། སྔ་གཞུག་གི་ལས་སོགས་ངེས་པར་བྱ་བ་ཡང་ཤིན་ཏུ་གཅེས་པ།

X